བོད་ལྗོངས།
༄༅།།ཕོ་སྨན་གྱི་ཕན་ནུས་དང་གཏོང་སྟངས།

    སེ་འབྲུ་བཞི་པ། དྲོད་ཆེ། བཟི་མེད། ཕན་ནུས། ཕོ་བའི་མེ་དྲོད་ཉམས་ཏེ་ཟས་འཇུ་དཀའ་བ་དང་། སྦོས་རྒྱངས་བྱེད་པ། དང་ག་ཞན་པ། ཁོག་པ་བཤལ་བ། ཟས་བསྐྱུགས་པ་སོགས་ལ་ཕན། གཏོང་སྟངས། ཉིན་རེར་ཐེངས་གཅིག ཐེངས་རེར་རིལ་བུ་བཞི་ནས་ལྔ།

    སེ་འབྲུ་ལྔ་པ། དྲོད་ཆེ། བཟི་མེད། ཕན་ནུས། བད་ཀན་གྱིས་ཟས་མི་འཇུ་བ་དང་། ཕོ་བའི་གྲང་སྐྲན་གྱིས་ཟས་བསྐྱུགས་པ་དང་ཆུ་བསྐྱུགས་པ། ཡི་ག་འཆུས་པ། སྦོས་རྒྱངས་བྱེད་པ། སྙིང་རླུང་དང་མཁལ་རྐེད་ན་བ་སོགས་ལ་ཕན། གཏོང་སྟངས། ཉིན་རེར་ཐེངས་གཅིག་ནས་གཉིས་བར། ཐེངས་རེར་རིལ་བུ་ལྔ་ནས་དྲུག

    

འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།
010020070840000000000000011100001333958221