བོད་ལྗོངས།
གཟའ་འཁོར་འདིའི་གནམ་གཤིས།

    གཟའ་འཁོར་འདིའི་ནང་རང་ལྗོངས་ཀྱི་ཤར་རྒྱུད་དང་ལྷོ་རྒྱུད་དུ་ཆར་ཆུ་འབབ་རྒྱུ་དང་དྲོད་ཚད་འཕར་ཆག་ཆེ་བ།

    གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ(ཟླ་12ཚེས་23ནས་ཟླ་12ཚེས་29ཉིན་བར)

    གཟའ་ཟླ་བ་ནས་ལྷག་པ་བར། ཉིང་ཁྲི་དང་། ཆབ་མདོའི་བྱང་རྒྱུད། ནག་ཆུའི་ཤར་རྒྱུད་བཅས་སུ་གནམ་འཐིབས་ནས་གངས་སམ་ཆར་པ་ཆུང་བ་འབབ་རྒྱུ་དང་། ལྷོ་ཁའི་ལྷོ་རྒྱུད་དང་ཆབ་མདོའི་ལྷོ་རྒྱུད་དུ་སྤྲིན་པ་མང་པོ་འཁོར་རྒྱུ། ས་ཆ་ཁག་གཅིག་ཏུ་གངས་སིམ་སིམ་འབབ་རྒྱུ། ས་ཁུལ་གཞན་དག་ལ་གནམ་དྭངས་པ་ནས་སྤྲིན་པ་ཉུང་ཉུང་འཁོར་རྒྱུ།

    གཟའ་ཕུར་བུ་དང་པ་སངས་ལ། ནག་ཆུའི་དབུས་ཤར་རྒྱུད་དང་། ཆབ་མདོ། ཉིང་ཁྲི་བཅས་སུ་གངས་སམ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་། ས་བབ་མཐོ་བའི་རི་ཁུལ་ཁག་གཅིག་ཏུ་གངས་ཆེན་པོ་འབབ་རྒྱུ། ལྷ་ས་དང་ལྷོ་ཁར་གནམ་འཐིབས་ནས་གངས་ཆུང་བ་འབབ་རྒྱུ། མངའ་རིས་ཀྱི་ལྷོ་རྒྱུད་དང་གཞིས་རྩེའི་རྒྱུད་དུ་སྤྲིན་པ་མང་པོ་འཁོར་རྒྱུ། ས་ཆ་ཁག་གཅིག་ཏུ་གངས་སིམ་སིམ་འབབ་རྒྱུ། ནུབ་ནས་ཤར་དུ་དྲོད་ཚད་ཧྲེ་ཧྲི་ཏུའུ་3ནས་8བར་ཆག་རྒྱུ།

    གཟའ་མཇུག་ལ། ཉིང་ཁྲི་དང་ཆབ་མདོའི་ལྷོ་རྒྱུད་དུ་སྤྲིན་པ་མང་པོ་འཁོར་རྒྱུ་དང་ས་ཁུལ་གཞན་དག་ལ་གནམ་དྭངས་པ་ནས་སྤྲིན་པ་ཉུང་ཉུང་འཁོར་རྒྱུ།

    གཟའ་འཁོར་འདིའི་དུས་འགོར་བྱང་ཐང་རྒྱུད་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་བབ་མཐོ་སར་ལྷགས་པ་ཆེན་པོ་རིམ་པ་7ནས་8བར་རྒྱག་རྒྱུ་དང་། ཡར་ཀླུང་གཙང་པོའི་ལུང་གཞུང་རྒྱུད་དུ་ཐོལ་རླུང་རིམ་པ་4ནས་5བར་རྒྱག་རྒྱུ།

    གཉིས། གྲོས་འགོ

    1.ས་བབ་མཐོ་བའི་ལམ་དུམ་བུར་གངས་གསོག་དང་འཁྱག་པ་ཐེབས་ནས་འགྲིམ་འགྲུལ་ལ་ཤུགས་རྐྱེན་ངན་པ་བཟོ་རྒྱུར་དོགས་ཟོན་བྱེད་དགོས།

    2.དྲོད་ཚད་འཕར་ཆག་ཆེ་བས་དྲོ་ཇུས་བྱེད་དགོས་པ་དང་། གྲོང་ཁྱེར་གྱི་མདོང་ལམ་ལ་འཁྱག་པ་མི་ཐེབས་པ་བྱེད་དགོས།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001386539871