བོད་ལྗོངས།
གཟའ་འཁོར་འདིའི་གནམ་གཤིས།

    གཟའ་ཕུར་བུའི་རྗེས་རང་ལྗོངས་ཀྱི་ས་ཆ་མང་ཆེ་བར་གངས་ཡང་སེ་འབབ་པའི་གནམ་གཤིས་བསྟན་རྒྱུ།

    གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ(2020ལོའི་ཟླ་2ཚེས་3ནས་9ཉིན་བར)

    གཟའ་མིག་དམར་དང་ལྷག་པར། ནག་ཆུའི་དབུས་ཤར་རྒྱུད་དང་། ཆབ་མདོ། ཉིང་ཁྲི་བཅས་སུ་གངས(ཆར་པ)ཆུང་བ་འབབ་རྒྱུ་དང་། གཞིས་རྩེའི་ལྷོ་རྒྱུད་དང་ལྷོ་ཁའི་ལྷོ་རྒྱུད་དུ་སྤྲིན་པ་མང་པོ་འཁོར་རྒྱུ། ས་ཆ་ཁག་གཅིག་ལ་གངས་ཆུང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་གནམ་དྭངས་ནས་སྤྲིན་པ་ཉུང་ཉུང་འཁོར་རྒྱུ།

    གཟའ་ཕུར་བུ་ནས་ཉི་མ་བར། མངའ་རིས་དང་གཞིས་རྩེའི་ལྷོ་རྒྱུད་དུ་གངས་འབྲིང་བ་འབབ་རྒྱུ་དང་། ས་ཆ་ཁག་གཅིག་ལ་གངས་ཆེ་བ་ནས་གངས་ཧ་ཅང་ཆེ་བ་འབབ་རྒྱུ། ནག་ཆུ་དང་། ཆབ་མདོ། ཉིང་ཁྲི། ལྷོ་ཁ་བཅས་ཀྱི་ལྷོ་རྒྱུད་དུ་གངས(ཆར་པ)ཆུང་བ་འབབ་རྒྱུ་དང་། ས་ཆ་ཁག་གཅིག་ལ་གངས(ཆར་པ)འབྲིང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ། ས་ཆ་ཁག་གཅིག་ལ་གངས་སིམ་སིམ་འབབ་རྒྱུ།

    གཟའ་འཁོར་འདིར་བྱང་ཐང་རྒྱུད་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་བབ་མཐོ་བའི་ས་ཁུལ་དུ་ལྷགས་པ་ཆེན་པོ་རིམ་པ་7ཡས་མས་རྒྱག་རྒྱུ་དང་། གཙང་པོ་རྒྱུག་ཁུལ་དུ་ཐལ་རླུང་རིམ་པ་4ནས་5བར་རྒྱག་རྒྱུ།

    གཉིས། གྲོས་འགོ

    གཟའ་ཕུར་བུའི་རྗེས་གངས་འབབ་པའི་གནམ་གཤིས་ལས་འགྲོ་ལམ་འགྲིམ་འགྲུལ་དང་འབྲོག་ལས་ཐོན་སྐྱེད་ལ་ཤུགས་རྐྱེན་ངན་པ་ཐེབས་རྒྱུར་དོགས་ཟོན་བྱེད་དགོས།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001387526381