བོད་ལྗོངས།
དུས་ཆེན་ཚར་རྗེས་ལས་གནས་ཐོག་སྐྱོད་སྐབས་ཀྱི་འགོག་སྲུང་ཕྱོགས་སྟོན།

    1.བོད་དུ་ལོག་པ་དང་ལས་གནས་ཐོག་སྐྱོད་སྐབས་རང་འགུལ་ངང་སྙན་སེང་ཞུ་དགོས་ཤིང་། གཏན་འབེབས་གཞིར་བཟུང་ཁྱིམ་དུ་ལོཌ་སུ་སྡོད་པ་དང་བདེ་ཐང་ཡིན་མིན་བརྟག་དཔྱད་བྱེད་པར་གཞོཌ་འདེཌ་ཧུར་ཐག་བྱེད་དགོས། སྦྱོང་བརྡར་འོས་འཚམ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། གཟུཌ་པོ་མི་བདེ་བ་ཡོང་སྐབས་དུས་ཐོག་ཏུ་སྨན་བཅོས་བྱེད་པར་སྐྱོད་དགོས།

    2.ཕྱིར་མ་དོན་གོང་ཚ་བ་རྒྱས་མིན་ལྟ་དགོས་ཤིང་། གལ་སྲིད་ཚ་བ་རྒྱས་ན་ལས་གནས་ཐོག་སྐྱོད་མི་རུང་།

    3.ཕྱིར་དོན་སྐབས་ཁ་རས་རྒྱག་དགོས་ཤིང་། ལམ་བར་དུ་མི་གཞན་དང་བར་ཐག་འཇོག་དགོས།

    4.ལས་ཀར་འགྲོ་བ་དང་ལས་ཀ་གྲོལ་རྗེས་ཡག་ཤོས་བྱུང་ན་གོམ་པ་རྒྱག་པ་དང་། རྐང་འཁོར་བཞོན་པ། ཡང་ན་སྒེར་འཁོར་གཏོང་བ་བཅས་བྱེད་དགོས། སྤྱི་སྤྱོད་འཁོར་རིགས་ནང་སྡོད་རིང་ཡར་འཛེག་པ་ནས་མར་མ་འབབ་བར་དུ་ཁ་རས་རྒྱག་དགོས།

    5.ལས་ཀ་བྱ་ཡུལ་དུ་རྒྱུན་དུ་རླུང་འགྲོ་ཡག་པོ་ཡོང་བ་བྱེད་པ་དང་། གཞུང་ལས་ཁང་གི་རྒྱུན་སྤྱོད་སྒྲིག་ཆས་ལ་དུག་སེལ་ཡང་ཡང་བྱེད་པ། མི་མང་བའི་གཞུང་ལས་ཁང་དུ་ཁ་རས་རྒྱག་པ་བཅས་བྱེད་དགོས།

    6.ཚོཌ་འདུ་ཉུང་ཙམ་དང་ཐུང་ཙམ་འཚོག་རྒྱུ་དར་སྤེལ་བཏང་ནས་དགོས་མེད་འདུ་འཛོམས་མི་བྱེད་པ་དང་། རྒྱུན་དུ་སྐས་ཀ་འཛེག་པ་དང་གལ་སྲིད་གློག་སྐས་ལ་བསྡད་ཚེ་ལག་པ་འཁྲུ་དགོས། ཟ་ཁང་དུ་མི་མང་པོ་ཡོད་དུས་འགྲོ་རྒྱུ་མེད་པ་དང་། ཁ་ལག་བཟའ་སྐབས་སྐད་ཆ་ཉུང་ཙམ་ཤོད་པ། མགྱོཌ་པོ་ཟ་བ། བར་ཐག་འཇོག་པ་བཅས་བྱེད་དགོས།

    7.ཧབ་སྦྲིད་རྒྱག་པ་དང་གློ་རྒྱག་སྐབས་ཤོག་བུ་དང་ཕུ་ཐུང་གིས་ཁ་དང་སྣ་ཁུང་འགེབས་དགོས། ཤོག་བུ་གད་གཞོང་ནང་བླུགས་ཟིན་མ་ཐག་ལག་པ་འཁྲུད་དགོས།

    8.ལག་པ་གཏོང་རེས་ཉུང་ཙམ་དང་ཕན་ཚུན་ཐུག་རེག་ཉུང་ཙམ་བྱེད་དགོས། ལག་པ་ཡང་ཡང་འཁྲུ་བ་དང་ལག་པ་ཁ་མིག་སྣ་གསུམ་ལ་རེག་མི་རུང་།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001387573101