བོད་ལྗོངས།
75%ཡི་ཨ་རག་ཉིང་ཁུ་གྱོན་གོས་ལ་ཐད་ཀར་གཏོར་ན་འགྲིག་གམ། དེས་གྱོན་གོས་འཕྲོ་བརླག་འགྲོ་སྲིད་དམ།

    ནད་དུག་སྦགས་བཙོག་དངོས་པོའམ་གྱོན་གོས་བརྒྱུད་མིར་འགོས་པའི་ཉེན་ཁ་ཧ་ཅང་ཆུང་ཆུང་རེད། སྨན་ཁང་དུ་སྐྱོད་མྱོང་བའམ། ཡང་ན་ནད་པར་ལྟ་བར་སྐྱོད་པ། དོགས་ཡོད་ནད་རྟགས་ཐོན་པའི་མི་དང་འབྲེལ་བ་དམ་ཟབ་བཅས་བྱས་མེད་ཚེ་མང་ཚོགས་དཀྱུས་མའི་གྱོན་གོས་ལ་དུག་སེལ་བྱེད་དགོས་དོན་མེད།

    ཨ་རག་ཉིང་ཁུར་གྱོན་གོས་འཕྲོ་བརླག་འགྲོ་བའི་ནུས་པ་མེད། འོན་ཀྱང་ཨ་རག་ཉིང་ཁུ་ནི་ཀ་པ་རིམ་པའི་འབར་སླའི་དངོས་རྫས་ཡིན་པས་གྱོན་གོས་ཐོག་གཏོར་སྐབས་དྲོད་ཚད་མཐོ་པོ་དང་། མེ། ཡང་ན་ཞི་གློག་བཅས་དང་འཕྲད་ཚེ་མེ་འབར་ཉེན་ཆེན་པོ་ཡོད།

    དེར་བརྟེན་ཨ་རག་ཉིང་ཁུ་གྱོན་གོས་ལ་གཏོར་མི་རུང་།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001388324561