བོད་ལྗོངས།
གཟའ་འཁོར་འདིའི་ནང་ཆར་ཆུ་མང་བ།

    གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ(ཟླ་3ཚེས་23ནས་29ཉིན་བར)

    གཟའ་ཟླ་བར། ནག་ཆུ་དང་། ལྷ་ས། ལྷོ་ཁ་བཅས་སུ་གནམ་འཐིབས་ནས་གངས་སམ་ཆར་པ་ཆུང་བ་འབབ་རྒྱུ་དང་། ས་བབ་མཐོ་སར་གངས་འབྲིང་བ་འབབ་རྒྱུ། ཉིང་ཁྲི་དང་ཆབ་མདོར་སྤྲིན་པ་མང་པོ་འཁོར་ནས་ཆར་པ་ཆུང་བའམ་གངས་མ་ཆར་ཐར་ཐོར་འབབ་རྒྱུ། ས་ཁུལ་གཞན་དག་ལ་གནམ་དྭངས་པ་ནས་སྤྲིན་པ་མང་དུ་འགྲོ་རྒྱུ།

    གཟའ་ལྷག་པ་དང་ཕུར་བུར། ཉིང་ཁྲིར་ཆར་པ་ཆུང་བ་ནས་འབྲིང་བའམ་ཡང་ན་གངས་མ་ཆར་འབབ་རྒྱུ་དང་། ནག་ཆུའི་དབུས་ཤར་རྒྱུད་དང་ཆབ་མདོར་གནམ་འཐིབས་ནས་གངས་སམ་ཆར་པ་ཆུང་བ་འབབ་རྒྱུ། ལྷ་ས་དང་ལྷོ་ཁར་གནམ་འཐིབས་ནས་གངས་ཆུང་བའམ་གངས་མ་ཆར་ཐར་ཐོར་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་ཉུང་བ་ནས་མང་དུ་འགྲོ་རྒྱུ།

    གཟའ་མཇུག་ཏུ། མངའ་རིས་དང་གཞིས་རྩེའི་ལྷོ་ནུབ་རྒྱུད་དུ་གངས་སམ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་། ཉིང་ཁྲི་དང་ལྷོ་ཁའི་ལྷོ་རྒྱུད་དུ་ཆར་པ་ཆུང་བའམ་གངས་མ་ཆར་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ།

    གཟའ་ལྷག་པའི་རྗེས་བྱང་ཐང་རྒྱུད་དང་ཧི་མ་ལ་ཡའི་རི་རྒྱུད་དུ་ལྷགས་པ་ཆེན་པོ་རིམ་པ་7ཙམ་རྒྱག་རྒྱུ་དང་། ཉིན་དགུང་ཡོལ་རྗེས་ཡར་ཀླུང་གཙང་པོའི་ལུང་གཞུང་རྒྱུད་དུ་ཐོལ་རླུང་རིམ་པ་5ཙམ་རྒྱག་རྒྱུ།

    གཉིས། གྲོས་འགོ

    1.ས་བབ་མཐོ་བའི་རི་ཁུལ་དུ་སྔར་བཞིན་གངས་གསོག་ཐེབས་ཡོད་པས། འགྲིམ་འགྲུལ་དང་འབྲོག་ལས་ལ་ཤུགས་རྐྱེན་ངན་པ་བཟོ་རྒྱུར་དོགས་ཟོན་བྱེད་དགོས།

    2.ཤར་རྒྱུད་དུ་གངས་རྡིབ་དང་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་རྒྱུར་གཟབ་དགོས།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001389108721