བོད་ལྗོངས།
གཟའ་འཁོར་འདིའི་གནམ་གཤིས།

    གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ། (2020ལོའི་ཟླ་4ཚེས་27ནས་ཟླ་5ཚེས་3ཉིན་བར)

    གཟའ་ཟླ་བ་དང་མིག་དམར་ལ། མངའ་རིས་དང་ཉིང་ཁྲིར་གནམ་འཐིབས་ནས་ཆར་པ(གངས)ཆུང་བ་འབབ་རྒྱུ་དང་། ས་ཁུལ་གཞན་དག་ལ་གནམ་དྭངས་ནས་སྤྲིན་པ་མང་པོ་འཁོར་རྒྱུ།

    གཟའ་ལྷག་པ་དང་ཕུར་བུར། གཞིས་རྩེ་དང་། ནག་ཆུ། ལྷ་ས། ལྷོ་ཁ། ཉིང་ཁྲི། ཆབ་མདོ་བཅས་ཀྱི་ནུབ་ནས་ཤར་བར་ཆར་པ(གངས)ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ། ས་ཆ་ཁག་གཅིག་ལ་ཆར་པ(གངས)ཆེན་པོ་འབབ་རྒྱུ། མངའ་རིས་སུ་སྤྲིན་པ་མང་པོ་འཁོར་རྒྱུ།

    གཟའ་པ་སངས་ནས་གཟའ་ཉི་མའི་བར། ཉིང་ཁྲིར་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབས་རྒྱུ་དང་། ས་ཆ་ཁག་གཅིག་ལ་ཆར་པ་ཆུང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་གནམ་དྭངས་ནས་སྤྲིན་པ་མང་པོ་འཁོར་རྒྱུ།

    གཉིས། གྲོས་འགོ

    1.ས་བབ་མཐོ་བའི་རི་ཁུལ་དུ་སྔར་བཞིན་གངས་གསོག་ཐེབས་ནས་འགྲོ་ལམ་འགྲིམ་འགྲུལ་དང་འབྲོག་ལས་ལ་ཤུགས་རྐྱེན་ཐེབས་སྲིད།

    2.ཤར་རྒྱུད་ས་ཁུལ་གྱིས་གངས་རྡིབ་དང་རི་ཉིལ་བ་སོགས་ཀྱི་གནོད་འཚེར་དོགས་ཟོན་བྱེད་དགོས།

    3.ནགས་ཚལ་དང་རྩྭ་རའི་མེ་ཟོན་དང་གྲོང་ཁྱེར་དུ་མེ་སྤྱོད་ཀྱི་བདེ་འཇགས་ལ་ཤུགས་སྣོན་རྒྱག་དགོས།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001390145161