བོད་ལྗོངས།
གཟའ་འཁོར་འདིའི་གནམ་གཤིས།

    གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ། (ཟླ་5ཚེས་4ནས་10ཉིན་བར)

    གཟའ་འཁོར་འདིའི་དུས་འགོར་ཆར་པ་ཉུང་ཉུང་འབབ་རྒྱུ། དུས་མཇུག་ཏུ་ཆར་པ་མང་དུ་འགྲོ་རྒྱུ་དང་དྲོད་ཚད་རིམ་བཞིན་འཕར་རྒྱུ།

    གཟའ་འཁོར་འདིའི་ཆ་སྙོམས་ཆར་པ་འབབ་ཚད། ཉིང་ཁྲིར་ཅུང་ཉུང་བ་དང་དེ་མིན་ས་ཆ་མང་ཆེ་བར་རྒྱུན་གཏན་ལྟར་ཡིན་པ།

    གཟའ་འཁོར་འདིའི་ཆ་སྙོམས་དྲོད་ཚད། ས་ཆ་མང་ཆེ་བར་རྒྱུན་གཏན་ལྟར་ཡིན་པ།

    གནམ་གཤིས་ཀྱི་འགྱུར་ལྡོག་གཙོ་བོ།

    གཟའ་ཟླ་བ་དང་མིག་དམར་ལ་ཉིང་ཁྲི་དང་ལྷོ་ཁའི་ལྷོ་རྒྱུད་དུ་གནམ་འཐིབས་ནས་ཆར་པ(གངས)ཆུང་བ་འབབ་རྒྱུ་དང་། ནག་ཆུའི་ཤར་རྒྱུད་དང་གཞིས་རྩེའི་ལྷོ་རྒྱུད་དུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་ས་ཆ་ཁ་ཤས་ལ་ཐོལ་ཆར(གངས)འབབ་རྒྱུ། ས་ཆ་གཞན་དག་ལ་གནམ་དྭངས་བ་ནས་སྤྲིན་པ་མང་པོ་འཁོར་རྒྱུ།

    གཟའ་ལྷག་པ་དང་ཕུར་བུར་མངའ་རིས་དང་གཞིས་རྩེའི་ལྷོ་རྒྱུད་དང་ཉིང་ཁྲིར་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་ས་ཆ་ཁ་ཤས་ལ་ཆར་པ(གངས)ཆུང་བ་འབབ་རྒྱུ། ས་ཆ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ།

    གཟའ་པ་སངས་དང་སྤེན་པར་ཉིང་ཁྲིར་ཆར་པ་ཆུང་བ་ནས་འབྲིང་བ་འབབ་རྒྱུ་དང་གཞིས་རྩེ་དང་། ལྷ་ས། ལྷོ་ཁ། ནག་ཆུ། ཆབ་མདོ་བཅས་ལ་གནམ་འཐིབས་ནས་ཆར་པ་ཆུང་བ་འབབ་རྒྱུ། མངའ་རིས་ལ་སྤྲིན་པ་མང་པོ་འཁོར་རྒྱུ།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001390345031