བོད་ལྗོངས།
གཟའ་འཁོར་འདིའི་གནམ་གཤིས།

    གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ། (2020ལོའི་ཟླ་5ཚེས་18ནས་24ཉིན་བར)

    གཟའ་ཟླ་བ་དང་མིག་དམར་ལ། ཉིང་ཁྲི་དང་ལྷོ་ཁའི་ཤར་ལྷོའི་རྒྱུད་དུ་ཆར་པ(གངས)ཆུང་བ་འབབ་རྒྱུ་དང་། ས་བབ་དམའ་སར་ཆར་པ་འབྲིང་བ་འབབ་རྒྱུ། ནག་ཆུའི་ཤར་རྒྱུད་དང་། ལྷ་ས་དང་ལྷོ་ཁའི་བྱང་རྒྱུད་དུ་སྤྲིན་པ་མང་པོ་འཁོར་བ་དང་གནམ་འཐིབས་ནས་ཆར་པ(གངས)ཆུང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་ཉུང་ཉུང་ནས་མང་པོ་འཁོར་རྒྱུ།

    གཟའ་ལྷག་པ་ནས་པ་སངས་བར། གཞིས་རྩེ་དང་། ལྷ་ས། ལྷོ་ཁ། ནག་ཆུ་བཅས་སུ་ཆར་པ(གངས)ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་། དེའི་ནང་གཞིས་རྩེའི་ལྷོ་རྒྱུད་དུ་ཆར་པ(གངས)ཆེ་བ་འབབ་རྒྱུ། ཉིང་ཁྲི་དང་ཆབ་མདོར་ཆར་པ(གངས)ཆུང་བ་འབབ་རྒྱུ། ས་ཆ་ཁག་གཅིག་ལ་ཆར་པ(གངས)འབྲིང་བ་འབབ་རྒྱུ། མངའ་རིས་སུ་སྤྲིན་པ་མང་པོ་འཁོར་རྒྱུ།

    གཟའ་སྤེན་པ་དང་ཉི་མར། ཉིང་ཁྲི་དང་། ལྷོ་ཁའི་ཤར་ལྷོའི་རྒྱུད། ནག་ཆུའི་ཤར་རྒྱུད། ཆབ་མདོ་བཅས་སུ་གནམ་འཐིབས་ནས་ཆར་པ(གངས)ཆུང་བ་འབབ་རྒྱུ་དང་། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ།

    གཉིས། གྲོས་འགོ

    1.གཟའ་འཁོར་འདིའི་ནང་ཆར་ཆུ་མང་བས་ཞིང་ཁུལ་གྱི་ཞིང་ནང་གཡོག་བྱེད་ལ་ཤུགས་སྣོན་རྒྱག་དགོས།

    2.ས་བབ་མཐོ་བའི་རི་ཁུལ་དུ་སྔར་བཞིན་གངས་གསོག་ཐེབས་ནས་གཞུང་ལམ་འགྲིམ་འགྲུལ་དང་འབྲོག་ལས་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད།

    3.ཤར་རྒྱུད་ས་ཁུལ་གྱིས་གངས་རྡིབ་དང་རི་ཉིལ་བ་སོགས་ཀྱི་ས་གཤིས་ཀྱི་གནོད་འཚེ་འགོག་ཟོན་བྱེད་དགོས།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001390698691