བོད་ལྗོངས།
གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ།

    གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ(2020ལོའི་ཟླ་6ཚེས་8ནས་ཟླ་6ཚེས་14ཉིན་བར)

    གཟའ་ཟླ་བར། ཉིང་ཁྲི་དང་ནག་ཆུའི་དབུས་ཤར་རྒྱུད་དང་ཆབ་མདོའི་བྱང་རྒྱུད་དུ་ཆར་པ་ཆུང་བ་ནས་འབྲིང་བ་བར་འབབ་རྒྱུ། དེའི་ནང་ཉིང་ཁྲིའི་ས་བབ་དམའ་བའི་ས་ཆར་ཆར་པ་འབྲིང་བ་ནས་ཆེ་བ་བར་འབབ་རྒྱུ། ལྷ་ས་དང་། ལྷོ་ཁ། གཞིས་རྩེའི་ལྷོ་རྒྱུད་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་ཆར་པ་ཆུང་བ་འབབ་རྒྱུ།

    གཟའ་མིག་དམར་ནས་པ་སངས་བར། ཉིང་ཁྲི་དང་ལྷོ་ཁའི་ཤར་ལྷོའི་རྒྱུད་དུ་ཆར་པ་ཆུང་བ་འབབ་རྒྱུ། ས་བབ་དམའ་བའི་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་འབབ་རྒྱུ། ནག་ཆུའི་ཤར་རྒྱུད་དང་། ཆབ་མདོའི་བྱང་རྒྱུད། གཞིས་རྩེའི་ལྷོ་རྒྱུད་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་ཆར་པ་ཆུང་བའམ་ཡང་ན་འབྲུག་ཆར་འབབ་རྒྱུ།

    གཟའ་སྤེན་པ་དང་ཉི་མར། ཉིང་ཁྲི་དང་ལྷོ་ཁར་ཆར་པ་ཆུང་བ་ནས་འབྲིང་བ་བར་འབབ་རྒྱུ། ནག་ཆུའི་དབུས་ཤར་རྒྱུད་དང་ཆབ་མདོ་དང་མངའ་རིས་ཀྱི་ལྷོ་རྒྱུད་དུ་ཆར་པ་ཆུང་བ་འབབ་རྒྱུ། ས་བབ་དམའ་བའི་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་འབབ་རྒྱུ། ལྷ་ས་དང་གཞིས་རྩེའི་ལྷོ་རྒྱུད་དུ་སྤྲིན་པ་མང་པོ་འཁོར་ནས་ཐོལ་ཆར་རམ་འབྲུག་ཆར་འབབ་རྒྱུ།

    གཉིས། གྲོས་འགོ

    1.གཟའ་འཁོར་འདིའི་ནང་ཤར་རྒྱུད་དང་ལྷོ་རྒྱུད་དུ་ཤྭ་འོད་དང་། འདམ་རྡོའི་ཆུ་རུད། རི་ཉིལ་བ་སོགས་ས་གཤིས་ཀྱི་གནོད་འཚེར་འགོག་ཟོན་བྱེད་དགོས།

    2.ཕྱི་དྲོ་ནས་ས་སྲོད་བར་གློག་འཁྱུག་ཐོག་རྒྱག་དང་སེར་བ་སོགས་དུས་ཐུང་གི་གཏད་རྒྱུག་གནམ་གཤིས་སྟོན་སླ་བས་གོགས་ཟོན་ལ་དོ་སྣང་བྱེད་དགོས།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001391255701