བོད་ལྗོངས།
ལོ་ན་མི་འདྲ་བའི་བུད་མེད་ཀྱི་དུས་བཞིའི་ལུས་སྦྱོང་བྱེད་སྟངས།

    གཅིག ལོ་30 ལུས་སྦྱོང་གིས་ཁྱེད་རང་སྔར་བས་མཛེས་པར་གྱུར།

    1.ལོ་ནའི་ཁྱད་ཆོས།

    ལོ་20ནས་30བར་གྱི་བུད་མེད་ཀྱིས་རང་ཉིད་ཀྱི་ཕྱི་གཟུགས་བྱད་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་ལ་ནང་སེམས་ཀྱི་ཡོན་ཏན་དང་ཕྱིའི་ཉམས་འགྱུར་གལ་ཆེ་ལོས་ཡོད་མིན་ཡང་ཤེས་ཀྱི་ཡོད། མཉེན་ཆ་ལྡན་པའི་ལུས་པོའི་སྦྱོང་བརྡར་བྱས་ན་སྐེད་པ་དང་། སྟོད་སྒལ། རྐང་ལག་བཅས་ན་བ་ཞི་ལྷོད་དུ་གཏོང་ཐུབ།

    2.ལུས་སྦྱོང་བྱེད་སྟངས།

    ལུས་སྦྱོང་ཁང་དུ། སྒེག་རྩལ་དང་། གསོ་རླུང་ལྡན་པའི་ལུས་རྩལ། མཉེན་ཆ་ལྡན་པའི་ལུས་རྩལ། ཡོ་ག ཕུའུ་ལ་ཐི་སོགས་ཚང་མ་བུད་མེད་ཀྱི་གཟུགས་བྱད་ལ་དམིགས་ཏེ་བཟོས་པའི་ལུས་སྦྱོང་བྱེད་ཐབས་ཤ་སྟག་ཡིན་པ་དང་།

    ཁང་པའི་ཕྱི་རོལ་དུ། དལ་པོའི་ངང་རྒྱུག་པ་དང་། རྐང་འཁོར་བཞོན་པ། རྐྱལ་རྒྱག་པ་སོགས།

    ཁང་པའི་ནང་དུ། དགྱེ་གུག་ལུས་སྦྱོང་དང་། ཤེད་སྦྱོང་ལྕགས་རིལ་འདེགས་པ་སོགས་རེད།

    གཉིས། ལོ་40 ལུས་སྦྱོང་གིས་ཁྱེད་ཀྱི་བདེ་ཐང་ལ་སྲུང་སྐྱོང་བྱེད།

    1.ལོ་ནའི་ཁྱད་ཆོས།

    ལོ་40ལ་སླེབས་པའི་བུད་མེད་ཀྱི་གཟུགས་པོའི་རྨང་གཞི་མངོན་གསལ་དོད་པོས་ཞན་དུ་འགྲོ་ཡི་ཡོད་ཅིང་། བུད་མེད་མི་ཉུང་བ་ཞིག་ལ་གཟུགས་པོ་ཅུང་མི་བདེ་བ་ཡོང་སྐབས་གཉིད་མི་ཁུག་པ་སོགས་ཡོང་གི་ཡོད་པས་དེ་དུས་ལུས་སྦྱོང་དྲགས་པོ་བྱེད་རྒྱུ་མེད།

    2.ལུས་སྦྱོང་བྱེད་སྟངས།

    སྙུག་ཤེད་དང་མཉེན་ཆ་དོད་པའི་སྦྱོང་བརྡར་བྱེད་པ་ལས་ཞབས་བྲོ་དང་། ཆུ་རྐྱལ། ཐག་མཆོང་། ཐེ་པེད་རྒྱག་པ་སོགས་མྱུར་ཚད་དང་ཤེད་ཤུགས་གཙོ་བོར་བཟུང་མི་རུང། རྒས་ནད་སླེབས་པའི་བུད་མེད་ཀྱིས་ཞབས་བྲོ་དང་། རྒན་རྒོན་གྱི་འཁྲུག་གཞས། འགྱུར་ཁུག་ལྡན་པའི་ལུས་རྩལ་སོགས་སྤྲོ་སྣང་ལྡན་པའི་ལུས་རྩལ་རྩེད་ན་ལེགས།

    གསུམ། ལོ་50 ལུས་སྦྱོང་གིས་བདེ་ཐང་ནམ་ཡང་ཁྱེད་དང་འགྲོགས་པར་བྱེད།

    1.ལོ་ནའི་ཁྱད་ཆོས།

    ལོ་50ལ་སླེབས་པའི་བུད་མེད་ལ་དུས་ཚོད་འདང་ངེས་ཡོད་ཅིང་། བུད་མེད་མི་ཉུང་བ་ཞིག་རྒན་ཡོལ་ཞུས་ཟིན་པས་ལུས་སྦྱོང་གི་དུས་ཚོད་འདང་ངེས་ཡོད། དེ་དུས་ཀྱི་བུད་མེད་ལ་རྒན་གཡའ་སླེབས་ནས་རྒན་རྒོན་གྱི་ནད་རྟགས་རེ་ཟུང་ཐོན་གྱི་ཡོད།

    2.ལུས་སྦྱོང་བྱེད་སྟངས།

    ཞབས་བྲོ་རྒྱག་པ་དང་། ཐེ་པེད་རྒྱག་པ། ཆུ་རྐྱལ་རྒྱག་པ་སོགས་བྱེད་ཆོག་ལ། སྐས་ཀ་འཛེགས་པ་སོགས་སྟབས་བདེའི་ལུས་རྩལ་ཡང་རྩེད་ཆོག་ཅིང་། གཙོ་བོ་སྙིང་ཁམས་ཁྲག་རྩ་འཁོར་རྒྱུག་ཡག་པོ་ཡོང་བར་ཡིད་འཇོག་བྱེད་དགོས།

    བཞི། ལོ་60 ལུས་སྦྱོང་གིས་ནད་གཞི་སྔོན་འགོག་བྱེད།

    1.ལོ་ནའི་ཁྱད་ཆོས།

    རྒན་རྒོན་གྱི་ནད་རྟགས་ཁག་གཅིག་ཐོན་འགོ་ཚུགས་ཤིང་། ཚ་བོ་དང་ཚ་མོར་ལྟ་རྟོག་བྱེད་དགོས་སྟབས་རྒན་རྒོན་འགའ་རེར་ཧ་ཅང་དཀའ་ལས་ཁག་པའི་སྣང་བ་ཡོང་གི་ཡོད།

    2.ལུས་སྦྱོང་བྱེད་སྟངས།

    འཆམ་འཆམ་བྱེད་པ་དང་ཐའེ་ཅི་ཆོན་རྩེ་བ་སོགས།

    རིགས་གཅིག་མཁས་ཅན་གྱིས་དྲན་སྐུལ་བྱས་དོན།

    བུད་མེད་ལ་རྒས་ནད་སླེབས་སྐབས་གཟུགས་པོའི་ཆ་ཤས་ལ་ལའི་བྱེད་ནུས་ཞན་དུ་འགྲོ་སྲིད་པས། གཟུགས་པོ་མི་བདེ་བ་གང་ཞིག་བྱུང་རུང་ལུས་སྦྱོང་བྱེད་ཡུན་ཐུང་དུ་དང་བྱེད་ཤུགས་ཆུང་དུ་གཏོང་དགོས།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001392342271