བོད་ལྗོངས།
གང་འདྲ་ཞིག་ལ་གསོ་རླུང་ལྡན་པའི་ལུས་རྩལ་ཟེར།

    མིའི་ལུས་པོ་འགུལ་སྐྱོད་བྱེད་པར་ཟུངས་ནུས་ཡོད་དགོས་པ་དང་གལ་ཏེ་ཟུངས་ནུས་དེ་ཕྲ་ཕུང་ནང་གི་གསོ་རླུང་ཕྱིར་འབུད་བྱས་པ་ལས་བྱུང་བ་ཡིན་ཚེ་དེ་ནི་གསོ་རླུང་ལྡན་པའི་ལུས་རྩལ་ཡིན་པ་དང་། གལ་ཏེ་ཟུངས་ནུས་དེ་གསོ་རླུང་མེད་པའི་ཕབ་འབྱེད་ནས་བྱུང་ཚེ་གསོ་རླུང་མེད་པའི་ལུས་རྩལ་རེད། གསོ་རླུང་ལྡན་པའི་ལུས་རྩལ་གྱིས་ལུས་པོར་ཆུ་དང་དབྱང་གཉིས་ཐཱན་འགྱུར་ཐོན་ནས་དབུགས་འབྱིན་རྔུབ་བརྒྱུད་གཟུགས་པོའི་ཕྱིར་བུད་སླ་བས་མིའི་ལུས་པོར་གནོད་འཚེ་མེད། འོན་ཀྱང་གསོ་རླུང་མེད་པའི་ལུས་རྩལ་རྩེ་སྐབས་གཟུགས་པོར་པིང་ཐུང་སྐྱུར་ཙི་དང་ཞོ་སྐྱུར་སོགས་བར་གྱི་ཕྱིར་འབུད་ཐོན་དངོས་ཐོན་གྱི་ཡོད་པ་དང་དེ་དག་དབུགས་འབྱིན་རྔུབ་བྱེད་པ་བརྒྱུད་གཟུགས་པོའི་ཕྱིར་འབུད་ཐུབ་ཀྱི་མེད་པས། ཐོན་དངོས་དེ་དག་ཕྲ་ཕུང་དང་ཁྲག་རྒྱུན་ནང་ཕུང་གསོག་ཐེབས་ནས“ངལ་དུབ་ཀྱི་དུག་རྒྱུ”ཆགས་ཏེ་མིར་ངལ་དུབ་དང་ཤ་གནག་ལ་ན་ཟུག་གཏོང་བ་མ་ཟད། ད་དུང་དབུགས་གཏོང་མགྱོགས་སུ་དང་སྙིང་འཕར་མགྱོགས་སུ་འགྲོ་བ་སོགས་ཀྱི་སྣང་ཚུལ་ཐོན་སྲིད་ལ། ཚབས་ཆེ་བའི་སྐབས་སྐྱུར་རྩིའི་དུག་ཕོག་པ་དང་མཆིན་པའི་ཁུར་པོ་ལྕི་རུ་འགྲོ་གི་ཡོད། དེར་བརྟེན་གསོ་རླུང་མེད་པའི་ལུས་རྩལ་རྩེད་རྗེས་ཉིན་ཤས་རིང་ངལ་དུབ་ཆེ་བ་དང་ཤ་གནག་ལ་ན་ཟུག་གཏོང་གི་ཡོད།

    མདོར་བསྡུས་ནས་བཤད་ན། གསོ་རླུང་ལྡན་པའི་ལུས་རྩལ་ནི་གསོ་རླུང་ཕྱིར་འབུད་བྱེད་པའི་འོག་ལུས་རྩལ་རྩེ་བ་བརྒྱུད་སྙིང་ཁམས་ཀྱི་རྩོལ་ནུས་ལ་སྦྱོང་བརྡར་ཐེབས་ནས་སྙིང་ཁམས་རྒས་འགོར་དུ་འགྲོ་བའི་ནུས་པ་ཐོན་གྱི་ཡོད།

    གསོ་རླུང་ལྡན་པའི་ལུས་རྩལ་གྱིས་མིའི་སྙིང་དང་གློ་བའི་རྩོལ་ནུས་ཆེ་རུ་འགྲོ་བ་དང་ཐེག་ཤུགས་ཆེ་རུ་འགྲོ་བ་མ་ཟད་ལུས་པོའི་ནང་གི་ཞག་ཚིལ་ལྷག་མ་བཞུར་ནས་གཟུགས་པོའི་ལྗིད་ཚད་ཚོད་འཛིན་བྱེད་ཐུབ་ཀྱི་ཡོད། མ་གཞི་ལུས་རྩལ་ཚང་མར་འཕྲོད་སྦྱོར་གྱི་ནུས་པ་ལྡན་མོད། འོན་ཀྱང་ཐེག་ཤུགས་ཆེ་རུ་འགྲོ་བ་དང་སྙིང་དང་གློ་བའི་རྩོལ་ནུས་ཆེ་རུ་གཏོང་དགོས་ཚེ་ངེས་པར་དུ་གསོ་རླུང་ལྡན་པའི་ལུས་རྩལ་རྩེ་དགོས།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001392787381