བོད་ལྗོངས།
ལྷ་སའི་གླིང་ཁ་གཏོང་ས་ཁག་གཅིག

    རྔ་ཆེན་ཤང་།

    སྤྲིན་ཚོམ་རི་གྲོང་དང་། སྟོང་རྩེ་སྔོ་ལྗང་སྤྲོ་གསེང་རི་གྲོང་།

    ལྷ་ས་གྲོང་ཁྱེར་ནས་ཐོན་ཏེ་རྔ་ཆེན་ལམ་བརྒྱུད་ཤར་དུ་ཐད་ཀར་བསྐྱོད་ན། ཞིང་ཆེན་ལམ་202རྒྱུད་དུ་སླེབས་པ་དང་། དེ་ནས་སྤྲིན་ཚོམ་རི་གྲོང་གསལ་པོར་མཐོང་ཐུབ། སྤྲིན་ཚོམ་རི་གྲོང་དུ་གུར་ཆེ་ཆུང་སྣ་ཚོགས་ཡོད་ཅིང་། དེ་དག་གི་རིན་གོང་གུར་ཆེ་ཆུང་མི་འདྲ་བར་གཞིགས་ནས་སྒོར་300ནས་སྒོར་600བར་འདྲ་གི་མེད་ལ། མི་རེར་གད་སྙིགས་གཙང་སེལ་གྱི་གྲོན་དངུལ་སྒོར་20ཡང་འཇལ་དགོས་ཀྱི་ཡོད།

    སྤྲིན་ཚོམ་རི་གྲོང་དང་བར་ཐག་རིང་པོ་དེ་ཙམ་མེད་པའི་སར། སྟོང་རྩེ་སྔོ་ལྗང་སྤྲོ་གསེང་རི་གྲོང་ཡོད་ཅིང་། དེ་ག་ནི་ཉ་འཛིན་ལྟེ་གནས་ཡིན་པས་ཉ་རིགས་མང་པོ་ཡོད། རིན་བསྡུ་ཡང་རྫིང་བུ་མི་འདྲ་བར་གཞིགས་ནས་མི་རེར་སྒོར་100ནས་སྒོར་150བར་རེད། ཉ་འཛིན་ཐེངས་རེའི་དུས་ཡུན་ཆུ་ཚོད་5ཙམ་ཡིན་པ་རེད།

    དཔལ་སྡིངས་གྲོང་ཚོ།

    དཔལ་སྡིངས་ཀྲི་དང་ཞལ་གླིང་ཁ།

    དཔལ་སྡིངས་ཀྲི་ལུང་ཤུར་བརྒྱུད་ནས་ཕྱིན་ན། གྲོང་མི་ཚོས་ཕུབ་པའི་གུར་སྣ་ཚོགས་མཐོང་རྒྱུ་ཡོད། གུར་དེ་དག་ལ་གུར་ཕུབ་ཡུལ་དང་ཆེ་ཆུང་སོགས་ལ་གཞིགས་ནས་གྲོན་དངུལ་བསྡུ་གི་ཡོད་པ་དང་། སྒོར་བརྒྱ་ཉིས་བརྒྱ་ནས་སྒོར་ལྔ་བརྒྱ་དྲུག་བརྒྱ་བར་འདྲ་གི་མེད།

    ཀྲི་ལུང་ཤུར་གྱི་ཉེ་འགྲམ་དུ་ཁོར་ཡུག་ལྟ་ན་སྡུག་པའི་ཞལ་གླིང་ཁ་ཡོད་པ་དང་། དེའི་སྤྲོ་གསེང་གྲོང་ཚོ་འགར་གླིང་ཁ་གཏང་ཆོག གཞན་ཡང་། དཔལ་སྡིངས་སུ་ད་དུང་འབྲས་བུ་འཐུ་རྒྱུ་ཡོད་པའི་ལྡུམ་ར་འགའ་ཤས་ཡོད་པར་ཁམ་བུ་དང་འབྲི་ཏ་ས་འཛིན་སོགས་འཐུ་ཆོག

    སྟག་རྩེ་དང་ལྷུན་གྲུབ།

    སྤྲོ་སྐྱིད་གླིང་དང་སྐལ་བཟང་གླིང་ཁ།

    དཔལ་སྡིངས་ནས་རྒྱལ་ལམ་318བརྒྱུད་མུ་མཐུད་ཤར་ཕྱོགས་སུ་བསྐྱོད་ན། ལམ་རྒྱུད་དུ་གླིང་ཁ་མང་པོ་མཐོང་རྒྱུ་ཡོད་པ་དཔེར་ན། སྤྲོ་སྐྱིད་གླིང་དང་། རི་ཆུ་སྤྲོ་སྐྱིད་གླིང་ཁ་སོགས་རེད། སྟག་རྩེ་ནས་མུ་མཐུད་ཤར་ཕྱོགས་སུ་བསྐྱོད་ནས་སྟག་རྩེ་ཟམ་ཆེན་ནས་བབས་མ་ཐག་གླིང་ཁ་གཏོང་ས་མང་པོ་ཡོད་པ་དཔེར་ན། སྤང་སྟོད་ཤང་སྐལ་བཟང་གླིང་ཁ་སོགས་ཡོད། ཚང་མས་གུར་བོགས་མར་གཏོང་བ་དང་བཟའ་བཏུང་སོགས་ཀྱི་ཞབས་འདེགས་ཞུ་ཡི་ཡོད། གུར་གྱི་བོགས་དངུལ་སྤྱིར་ན་ཉིན་རེར་སྒོར་300ཡིན་པ་རེད།

    སྣེའུ།

    སྣེའུ་བསམ་གྲུབ་གླིང་ཁ་དང་། སྟག་གདོང་གྲོང་ཚོ།

    སྣེའུ་གྲོང་ཚོ་ཨུ་ལྷན་གྱི་ཉེ་འགྲམ་དུ་གནས་པའི་སྣེའུ་བསམ་གྲུབ་གླིང་ཁ་དེའང་སྐྱིད་སྣང་ཤིན་ཏུ་དོད་པའི་གླིང་ཁ་གཏོང་ས་ཞིག་རེད། གུར་གྱི་རིན་གོང་ལ་སྤྱིར་ན་དབྱེ་བ་བཞི་ཡོད་པ་སྟེ། སྒོར་200དང་། སྒོར་300 སྒོར་400 སྒོར་500བཅས་རེད།

    སྣེའུ་ཁུལ་གསར་ནས་ལྷ་གོང་མྱུར་བགྲོད་གཞུང་ལམ་བརྒྱུད་སྤྱི་ལེ་11ཙམ་བསྐྱོད་ཚེ། སྟག་གདོང་གྲོང་ཚོའི་འཛུལ་སྒོ་མཐོང་ཐུབ། དེ་གའི་གུར་གྱི་རིན་གོང་ལ་སྒོར་300ནས་སྒོར་800བར་འདྲ་གི་མེད་ལ། དེར་ད་དུང་སྲེག་ཐབ་རེར་སྒོར་40དང་རྡོ་སོལ་རྒྱ་མ་རེར་སྒོར་10བྱས་ཏེ་གླ་རྒྱུ་ཡོད།

    སྟོད་ལུང་བདེ་ཆེན།

    ཕུན་ཚོགས་སྤྲོ་སྐྱིད་གླིང་ཁ་དང་མཁའ་འགྲོ་སྤྲོ་གསེང་གླིང་ཁ།

    ལྷ་གོང་ལམ་ཆེན་ནས་བསྐྱོད་ན་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་གྲོང་རྡལ་དུ་འབྱོར་གྱི་ཡོད། དེ་གར་སྤྲོ་གསེང་གྲོང་ཚོ་འགའ་ཤས་ཡོད་པར་གླིང་ཁ་གཏང་ཆོག་གི་ཡོད་པ་དཔེར་ན། མཁའ་འགྲོ་སྤྲོ་གསེང་གླིང་ཁ་དང་། ཕུན་ཚོགས་སྤྲོ་གསེང་གླིང་ཁ་གནས་ཆུང་གྲོང་རྡལ་སྲིད་གཞུང་གི་ལྟེ་གནས་དང་བར་ཐག་དེ་ཙམ་རིང་པོ་མེད། ཁང་པ་ཆེ་ཆུང་གི་རིན་གོང་ཡང་སྒོར་ཆིག་སྟོང་ལྷག་ཙམ་ནས་སྒོར་ཉིས་སྟོང་ལྷག་ཙམ་བར་འདྲ་གི་མེད། ཁང་པར་མི་30ནས་མི་50བར་དང་། མི་80ནས་མི་150བར་ཤོང་གི་ཡོད།

    དོག་སྡེ་ཤང་།

    པ་གཟིགས་སྤྲོ་སྐྱིད་གླིང་དང་། ཕུ་བྲག་གླིང་ཁ། ཕུར་བུ་ལྕོག་ཆབ་རྫིང་གླིང་ཁ།

    དོག་སྡེ་བྱང་ལམ་ནས་དོག་སྡེ་ཤང་དུ་བསྐྱོད་ན། ནུབ་ངོས་ཡིན་ནའང་འདྲ་ཡང་ན་ཤར་ངོས་ཡིན་ནའང་འདྲ་གང་ལྟར་ལམ་རྒྱུད་ཚང་མར་གླིང་ཁ་མང་པོ་ཡོད། ཕུ་བྲག་གླིང་ཁ་དཔེར་དྲངས་ནས་བརྗོད་ན། ཉིན་རེའི་རིན་གོང་སྒོར་200ནས་སྒོར་350བར་འདྲ་གི་མེད། གླིང་ཁ་གཏོང་མཁན་གྱིས་ཟས་རིགས་དང་། ཆང་རག བསྲེགས་ཐབ་བཅས་འཁྱེར་ཆོག་ལ། གླིང་ཁ་འགའ་ཤས་ཀྱིས་ལྟོ་ཆས་ཀྱང་མཁོ་འདོན་བྱེད་ཀྱི་ཡོད། གཙོ་བོ་སི་ཁྲོན་གྱི་ཚལ་དང་བོད་ཟས་ཡིན་པ་དང་། སྤྱིར་བཏང་གི་དཀར་ཟས་ལ་རིན་གོང་སྒོར་20ཙམ་དང་དམར་ཟས་ལ་སྒོར་20ནས་སྒོར་50ལྷག་ཙམ་བར་བྱེད་ཀྱི་ཡོད།

    ཉང་བྲན་ཤང་།

    ཉང་བྲན་ཤང་དམངས་སྲོལ་སྤྲོ་སྐྱིད་གླིང་ཁ་དང་། སྦྱར་གཞི་གླིང་ཁ། སྐལ་ཕུ་ལྷ་བོད་ཁྱིམ་སྤྲོ་སྐྱིད་གླིང་།

    ཉང་བྲན་ཤང་ནི་ལྷ་སའི་བྱང་འདབས་ཀྱི་གླིང་ཁ་གཏོང་ས་གཞན་ཞིག་རེད། ཉང་བྲན་ལུང་ཤུར་དུ་གླིང་ཁ་མང་པོ་ཡོད་པ་དཔེར་ན། ཉང་བྲན་ཤང་དམངས་སྲོལ་སྤྲོ་སྐྱིད་གླིང་ཁ་དང་། སྦྱར་གཞི་གླིང་ཁ། སྐལ་ཕུ་ལྷ་བོད་ཁྱིམ་སྤྲོ་སྐྱིད་གླིང་ཁ་སོགས་རེད། དེ་གའི་གླིང་ཁར་གུར་ཡོད་ལ་ཁང་པའང་ཡོད། གླིང་ཁ་མི་འདྲ་བའི་གུར་གྱི་རིན་གོང་སྒོར་200ནས་སྒོར་600བར་བྱེད་པ་དང་། ཁང་པའི་རིན་གོང་སྤྱིར་ན་སྒོར་སུམ་བརྒྱ་བཞི་བརྒྱ་ཡན་རེད། ཉང་བྲན་ཤང་དམངས་སྲོལ་སྤྲོ་སྐྱིད་གླིང་ཁས་ད་དུང་མི་རེར་སྒོར་85ལྷག་ཙམ་གྱི་རང་འདེམས་ལྟོ་ཆས་མཁོ་འདོན་བྱེད་ཀྱི་ཡོད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001392844901