བོད་ལྗོངས།
ལུས་སྦྱོང་ཁང་གི་དར་སྲོལ་གསར་ཤོས།

    1 ཕུ་ལ་ཐི།

    བདེ་ཐང་གི་དྲན་སྐུལ།

    ①ཕུ་ལ་ཐི་ནི་གཟུགས་པོའི་ཤ་གནད་ལྷོད་དུ་གཏོང་བ་དང་གཟུགས་པོའི་ཚོད་འཛིན་ནུས་པ་ལེགས་སུ་གཏོང་བའི་ལུས་སྦྱོང་བྱེད་སྟངས་ཤིག་ཡིན།

    ②ཕུ་ལ་ཐི་ཡིས་དམིགས་བསལ་གྱི་རྨས་སྐྱོན་ཕོག་པ་དང་ཤ་གནད་དོ་སྙོམས་མེད་པའམ་ཡང་ན་གཟུགས་པོའི་གནད་དོན་གཞན་དག་ཡོ་བསྲང་བྱེད་ཐུབ།

    ③ཕུ་ལ་ཐི་ཡིས་གཞུང་ལས་ཁང་དུ་ལས་ཀ་སྒྲུབ་མཁན་མི་ཚོགས་ལ་ཕན། ཁོ་ཚོས་ཅོག་ཙེ་དང་གློག་ཀླད་ཀྱི་མདུན་དུ་ཡུན་རིང་པོར་ལས་ཀ་བྱས་ན་ཤ་གནད་སྐྱེ་འཚར་ལ་གནོད་སྐྱོན་ཕོག་པ་དེ་སེལ་ཐུབ། ཕུ་ལ་ཐིའི་སྦྱོང་བརྡར་རན་ཙམ་བྱས་ན་གཟུགས་པོ་སྒུར་བ་སོགས་ཡོ་བསྲང་བྱེད་ཐུབ་པ་དང་། རྐེད་ཚིགས་དང་མཇིང་ཚིགས་མི་ན་བར་ཕན། ད་དུང་ལག་པ་དང་གྲོད་ཁོག་གི་ཤ་གྲིམས་ལྷུག་ཏུ་ཕྱིན་པ་ཕན་པ་ཡོད།

    ④ཆེད་ལས་ཀྱི་ལུས་རྩལ་པ་མང་པོས་ཀྱང་ཕུ་ལ་ཐི་སྦྱོང་བརྡར་བྱས་ནས་ལུས་རྩལ་གྱི་རྨས་སྐྱོན་མི་ཕོག་པ་བྱེད་ཀྱི་ཡོད།

    ཕུ་ལ་ཐི་སྦྱོང་བརྡར་བྱེད་ཐབས་ནི་གཡོད་སེ་ཧྥུ·ཕུ་ལ་ཐིས་སྲོལ་བཏོད་ནས་ཁྱབ་གདལ་དུ་བཏང་བ་ཞིག་རེད། ཕུ་ལ་ཐི་ཁོང་ལོ་7ལ་སླེབས་སྐབས་སྦྱོང་བརྡར་བྱེད་སྟངས་ཤིག་སྲོལ་བཏོད་བྱས་ནས་རང་སོ་སོས་ལུས་སྦྱོང་བྱས་ཤིང་། དེ་ནི་ཡོ་ག་དང་། དྲག་རྩལ། ཀེ་རི་སེའི་གནའ་བོའི་ལུས་སྦྱོང་བྱེད་སྟངས་བཅས་མཉམ་དུ་བསྲེས་པ་ཞིག་རེད། ལོ་མང་པོར་སྦྱོང་བརྡར་བྱས་ཏེ་ཁོང་གིས་གཟུགས་པོ་དོ་མཉམ་ཡོང་བའི་སྦྱོང་བརྡར་མ་ལག་ཅིག་ཕྱོགས་སྡོམ་བྱེད་ཐུབ་ཡོད། ཕུ་ལ་ཐིའི་སྦྱོང་བརྡར་བྱེད་ཐབས་ཞེས་པ་ནི་དེ་ལྟར་མིང་ཐོགས་པ་དང་། དང་པོར་ལུས་རྩལ་ནུས་པ་སླར་གསོ་ཡོང་བར་སྤྱོད་ཀྱི་ཡོད། དབུཌ་རྔུབ་གཏོང་དང་ལུས་རྩལ་གྱི་མཐུན་སྡེབ་ནི་ཕུ་ལ་ཐི་སྦྱོང་བརྡར་བྱེད་ཐབས་ཀྱི་ཆ་ཤས་གཙོ་བོ་ཡིན་ལ་དབུཌ་རྔུབ་གཏོང་གིས་གཟུགས་པོར་ཤུཌ་རྐྱེན་ཐེབས་ཚུལ་རྩལ་དུ་བཏོན་ནས་བརྗོད་ཀྱི་ཡོད།

    2 ཐའེ་ཆོན་ཏའོ་དྲག་རྩལ།

    ①ཐའེ་ཆོན་ཏའོ་དྲག་རྩལ་གྱིས་མིའི་བློ་སྟོབས་འཕེལ་ཐུབ་ཅིང་། བཟོད་སྒོམ་ནུས་པ་དང་དྲང་བདེན་གྱི་འདུ་ཤེས་སྐྱེད་སྲིང་བྱས་ནས་སྙིང་རུས་ཆེ་ལ་དཔའ་ངར་ཆེ་བའི་མི་གཤིས་ཆགས་ཐུབ།

    ②ཐའེ་ཆོན་ཏའོ་དྲག་རྩལ་གྱིས་ད་དུང་ལག་པ་དང་། རྐང་པ། གཟུགས་པོའི་ཆ་ཤས་གཞན་དག་གི་ཤ་གནད་དང་རུས་ཚིགས་ཀྱི་མཉེན་ཆ་སྦྱོང་བརྡར་བྱེད་ཐུབ།

    ③ཐའེ་ཆོན་ཏའོ་དྲག་རྩལ་གྱིས་ཀླད་ཆེན་གྱི་དབང་རྩ་འཕར་དུ་བཅུག་ནས་བློ་རྩེ་སྒྲིམ་ཐུབ་པ་དང་གཟུགས་པོའི་ནུས་སྟོབས་འཕེལ་བར་བྱེད་ཐུབ།

    ཐའེ་ཆོན་ཏའོ་དྲག་རྩལ་ནི་རྐང་ལག་ལ་བརྟེན་ནས་འཛིང་རེས་བྱེད་པའི་ཁྲའོ་ཞན་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་ཞིག་ཡིན། ཐའེ་ཆོན་ཏའོ་དྲག་རྩལ་ལས་མིའི་རིགས་ཀྱི་འཚོ་གནས་འདུ་ཤེས་མཚོན་པ་དང་གཟུགས་པོའི་ཤ་གནད་ལ་སྦྱོང་བརྡར་ཡག་པོ་ཐེབས་པ་དང་དུས་མཚུངས་སུ་མིའི་བློ་སྟོབས་སྦྱོང་བརྡར་བྱེད་ཐུབ་པར་བརྟེན། མི་མང་པོས་དགའ་པོ་བྱེད་པའི་ལུས་སྦྱོང་དུ་གྱུར།

    བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་མི་འབོར་དང་ལེགས་བཙའ་ལེགས་གསོ་དྲིལ་བསྒྲགས་སློབ་གསོ་ལྟེ་གནས་ནས་བསྒྲགས།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001393871691