བོད་ལྗོངས།
དམངས་འཚོའི་སྒྲིག་སྲོལ་གསར་པ་འདི་དག་ཟླ་བཅུ་གཅིག་པར་ལག་བསྟར་བྱེད་པ།

    ལོ་70ཡན་གྱི་རྒན་རྒོན་གྱིས་ཁ་ལོ་བའི་ལག་ཁྱེར་རེ་ཞུ་བྱེད་ཆོག

    སྤྱི་བདེ་པུས་ཉེ་ཆར་བྱེད་ཐབས་12བཏོན་ནས་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་པའི“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་བཏང་བ།

    ཟླ་11ཚེས་20ཉིན་ནས་བཟུང་དངོས་སུ་ལག་ལེན་བསྟར་རྒྱུ།

    དེའི་ཁྲོད་དུ་འཇིབ་ཆུང་རླངས་འཁོར་དང་། རང་འགུལ་གདང་གི་འཇིབ་ཆུང་རླངས་འཁོར། སྟབས་བདེའི་སྦག་སྦག་བཅས་ཀྱི་ཁ་ལོ་བའི་ལག་ཁྱེར་ལོ་70ཡན་གྱི་རྒན་རྒོན་གྱིས་རེ་ཞུ་བྱེད་མི་ཆོག་པའི་དེ་སྔའི་ཚད་བཀག་མེད་པ་བཟོས་པ།

    རྒན་གསོའི་སྒྲིག་གཞིའི་བདེ་འཇགས་ལ་དེ་བས་འགན་སྲུང་ཡོད་པ།

    གསར་དུ་བཟོ་བཅོས་བརྒྱབ་པའི《རྒན་གསོའི་སྒྲིག་གཞིའི་དོ་དམ་བྱེད་ཐབས》2020ལོའི་ཟླ་11ཚེས་1ཉིན་ནས་བཟུང་དངོས་སུ་ལག་ལེན་བསྟར་བ།

    བྱེད་ཐབས་གསར་པའི་ནང་རྒན་གསོའི་སྒྲིག་གཞིའི་བདེ་འཇགས་འགན་སྲུང་འགན་འཁྲི་སོགས་དོ་དམ་འགན་འཁྲི་མང་པོ་ལེགས་སུ་བཏང་སྟེ། རྒན་གསོ་ཁང་དུ་སྡོད་མཁན་རྒན་རྒོན་ཚོར“རྒས་དུས་བརྟེན་ས་ཡོད་པ”བྱས་ཡོད།

    དངུལ་རྩའི་སྒྲིག་གཞིའི་བྲིན་ཚོང་ལས་སྒོར་ཁ་དན་ཚིག་གནས་ཀྱི་རྩ་དོན་བརྩི་སྲུང་ཞུ་དགོས་པ།

    དངུལ་རྩའི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ལག་བསྟར་བྱེད་ཐབས་བཟོ་བཅོས་དང་གསབ་སྣོན་བྱས་པ་བརྒྱུད།

    2020ལོའི་ཟླ་11ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་བ།

    དངུལ་ཁང་དང་དངུལ་སྤྲོད་སྒྲིག་གཞིའི་གཉེར་སྐྱོང་བྱེད་སྤྱོད་སྔར་བས་ཚད་ལྡན་དུ་བཏང་བ།

    ལུས་རྩལ་རྒྱན་ཤོག་གི་རོལ་རྩེད་སྒྲིག་སྲོལ་ལེགས་སྒྲིག་བྱས་པ།

    རང་ཚོད་མ་ཟིན་པར་རྒྱན་ཤོག་ཉོ་བར་ཚད་བཀག་བཟོ་བ།

    རྒྱན་ཤོག་ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་ཁྲོམ་རའི་ཉེན་ཁར་ཚོད་འཛིན་ནན་པོ་བྱ་ཆེད། ཉེ་ཆར་ནོར་སྲིད་པུའུ་དང་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས། རོལ་རྩེད་རྐྱང་མའི་ཚོད་དཔག་འགྲན་བསྡུར་རོལ་རྩེད་ཀྱི་སྒྲིག་སྲོལ་སྔར་བས་ལེགས་སྒྲིག་བྱས་པ།

    2020ལོའི་ཟླ་11ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་བ།

    རྒྱལ་ཡོངས་གཞུང་ལམ་དུ་མྱུར་ཚད་ཚད་བཀག་གི་མཚོན་རྟགས་ཚད་ལྡན་དུ་གཏོང་རྒྱུའི་ཇུས་འགོད་བྱེད་པ།

    གཞུང་ལམ་ཁག་གཅིག་གི་མྱུར་ཚད་ཀྱི་ཚད་གཞི་སྐབས་རེ་མཐོ་བ་དང་སྐབས་རེ་དམའ་བ་དང་། མྱུར་བགྲོད་གཞུང་ལམ་དུ“མྱུར་བགྲོད”དཀའ་བའི་རྐྱེན་གྱིས་ཁ་ལོ་བ་མང་པོར་འགོག་རྐྱེན་བཟོ་ཡི་ཡོད།

    2020ལོའི་ཟླ་11ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་བའི《གཞུང་ལམ་གྱི་མྱུར་ཚད་ཚད་བཀག་གི་མཚོན་རྟགས་ཚད་ལྡན་དུ་གཏོང་རྒྱུའི་ཇུས་འགོད》ལག་ལེན་བསྟར་བ་ནས་བཟུང་། མྱུར་ཚད་ཚད་བཀག་གི་མཚོན་རྟགས་ཀྱི་ཇུས་འགོད་སྔར་བས་ཚན་རིག་དང་མཐུན་ལ་ལུགས་མཐུན་ཡོང་རེ་ཡོད་པ།

(འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001394873241