བོད་ལྗོངས།
གཟའ་འཁོར་འདིའི་གནམ་གཤིས།

    གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ། (2020ལོའི་ཟླ་11ཚེས་16ནས་22ཉིན་བར)

    གཟའ་ཟླ་བར་མངའ་རིས་དང་གཞིས་རྩེའི་ལྷོ་རྒྱུད་ལ་གངས་ཆུང་བ་ནས་འབྲིང་བ་འབབ་རྒྱུ་དང་། དེའི་ནང་རྩྭ་མདའ་དང་། སྤུ་ཧྲེང་། སྐྱིད་གྲོང་དང་གཉའ་ལམ་བཅས་ཀྱི་ཤང་དང་གྲོང་རྡལ་ཁག་གཅིག་ལ་གངས་ཆེན་པོ་འབབ་རྒྱུ། ནག་ཆུའི་ནུབ་རྒྱུད་དང་། ལྷོ་ཁའི་ལྷོ་རྒྱུད། ཉིང་ཁྲི་བཅས་ལ་གནམ་འཐིབས་ནས་གངས(ཆར་པ)སིམ་སིམ་འབབ་རྒྱུ། ས་ཆ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ།

    གཟའ་མིག་དམར་ནས་ཕུར་བུ་བར་ཉིང་ཁྲི་དང་། ལྷོ་ཁའི་ལྷོ་རྒྱུད། ནག་ཆུའི་དབུས་ཤར། ཆབ་མདོའི་བྱང་རྒྱུད་བཅས་ལ་གངས(ཆར་པ)ཆུང་བ་ནས་འབྲིང་བ་འབབ་རྒྱུ་དང་། མཐོ་གྲང་རི་ཁུག་ཁག་གཅིག་ལ་གངས་ཆེན་པོ་འབབ་རྒྱུ་རེད། གཞིས་རྩེའི་ལྷོ་རྒྱུད་དང་མངའ་རིས་ཀྱི་ལྷོ་རྒྱུད་ལ་གནམ་འཐིབས་ནས་གངས་སིམ་སིམ་འབབ་རྒྱུ་དང་། ས་ཆ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ།

    གཟའ་པ་སངས་ནས་ཉི་མ་བར་ཉིང་ཁྲི་དང་། ནག་ཆུའི་ཤར་རྒྱུད། ཆབ་མདོའི་བྱང་རྒྱུད་བཅས་ལ་གནམ་འཐིབས་ནས་གངས(ཆར་པ)ཆུང་བ་འབབ་རྒྱུ་དང་། ལྷོ་ཁའི་ཤར་ལྷོ་དང་མངའ་རིས་ལྷོ་རྒྱུད་ལ་སྤྲིན་པ་མང་པོ་འཁོར་ནས་གངས་སིམ་སིམ་འབབ་རྒྱུ། ས་ཆ་གཞན་དག་ལ་གནམ་དྭངས་ནས་སྤྲིན་པ་མང་པོ་འཁོར་རྒྱུ།

    གངས་བབས་རྗེས་རང་ལྗོངས་ཀྱི་ས་ཁུལ་མང་ཆེ་བའི་དྲོད་ཚད་ཧྲེ་ཧྲི་ཏུའུ་4ནས་8བར་ཆག་རྒྱུ་དང་། གཟའ་འཁོར་འདིར་མངའ་རིས་དང་། ནག་ཆུ། གཞིས་རྩེ་བཅས་ཀྱི་ལྷོ་རྒྱུད་དུ་ལྷགས་པ་ཆེན་པོ་རིམ་པ་7ནས་8བར་རྒྱག་རྒྱུ་དང་། གཞིས་རྩེ་དང་། ལྷ་ས། ལྷོ་ཁའི་གཙང་པོ་རྒྱུག་ཁུལ་དུ་ཐོལ་རླུང་རིམ་པ་5ཙམ་རྒྱག་རྒྱུ།

    གཉིས། གྲོས་འགོ

    1.རྩྭ་མདའ་དང་། སྤུ་ཧྲེང་། སྐྱིད་གྲོང་དང་གཉའ་ལམ་བཅས་ཀྱི་རྒྱུད་དུ་གངས་མང་པོ་འབབ་རྒྱུ་དང་གངས་ལྷགས་ཀྱི་གནམ་གཤིས་ཀྱིས་རྐྱེན་པས་འགྲིམ་འགྲུལ་དང་འབྲོག་ལས་ལ་ཐེབས་སྲིད་པའི་ཤུགས་རྐྱེན་ལ་དོ་སྣང་བྱེད་དགོས།

    2.གངས་བབས་རྗེས་དྲོད་ཚད་མངོན་གསལ་དོད་པོས་ཆག་རྒྱུ་ཡིན་པས་དྲོ་ཇུས་ལ་དོ་སྣང་དང་ཆུ་འདོན་མདོང་ལམ་ལ་འཁྱག་པ་མི་ཐེབས་པ་བྱེད་དགོས།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001395215381