བོད་ལྗོངས།
གཅིན་སྙི་ཟགས་ཁུའི་ནད་སྔོན་འགོག་དང་རྒྱུན་གཏན་འཕྲོད་སྦྱོར།

    གཅིག གང་ཞིག་ལ་གཅིན་སྙི་ཟགས་ཁུའི་ནད་ཟེར་རམ།

    གཅིན་སྙི་ཟགས་ཁུའི་ནད་ནི་རྙིང་ཚབ་རང་བཞིན་གྱི་ནད་གཞི་ཞིག་རེད། དེ་ནི་གཤེར་མའི་Bཕྲ་ཕུང་ཟགས་ཐོན་གཤེར་མའི་ནུས་པ་ཤོར་བར་བརྟེན། གཤེར་མའི་ཕུང་རྩི་ཟགས་ཐོན་རྦད་དེའམ་ཡང་ན་མི་འདང་བ་དང་དེ་བཞིན་འབའ་གྲུབ་ཆས་གཤེར་མའི་ཕུང་རྩའི་ཚོར་སྐྱེན་ཆུང་དུ་ཕྱིན་ནས་མངར་རྒྱུ་དང་། སྤྲི་དཀར། ཚི་ལུ་བཅས་ཀྱི་རྙིང་ཚབ་འཁྲུགས་ཏེ་ཁྲག་ནང་གི་རྒུན་འབྲུམ་མངར་ཆ་མཐོ་རུ་ཕྱིན་ཏེ་གཅིན་གྱི་མངར་རྒྱུ་གདགས་གཤིས་སུ་གྱུར་གྱི་ཡོད། གཅིན་སྙི་ཟགས་ཁུའི་དཔེ་མཚོན་གྱི་ནད་རྟགས་ནི“མང་བ་གསུམ་དང་ཆག་པ་གཅིག”སྟེ་མང་པོ་འཐུང་བ་དང་། གཅིན་པ་མང་བ། ལྟོ་མང་པོ་ཟ་བ་བཅས་དང་གཟུགས་པོའི་ལྗིད་ཚད་ཆག་པ་བཅས་རེད། འོན་ཀྱང་གཅིན་སྙི་ཟགས་ཁུའི་ནད་ཕོག་མཁན་ཁག་གཅིག་གི་གཟུགས་པོའི་ལྗིད་ཚད་ཆག་པ་ལས། མང་བ་གསུམ་གྱི་ནད་རྟགས་ཐོན་གྱི་མེད།

    གཉིས། གང་ཞིག་ལ་རྒན་རྒོན་གྱི་གཅིན་སྙི་ཟགས་ཁུའི་ནད་ཟེར་རམ།

    རྒན་རྒོན་གྱི་གཅིན་སྙི་ཟགས་ཁུའི་ནད་ནི་ལོ་60ཡན་ལ་ཕོག་པའི་གཅིན་སྙི་ཟགས་ཁུའི་ནད་པར་ཟེར་བ་དང་། དེའི་ནང་ཁག་གཅིག་ནི་ལོ་60ཡི་རྗེས་སུ་ཕོག་པའི་ནད་པ་དང་། ཁག་གཅིག་ནི་ལོ་60ཡི་གོང་དུ་བརྟག་དཔྱད་ཐུབ་པའི་ནད་པ་རེད།

    རྒན་རྒོན་གྱི་གཅིན་སྙི་ཟགས་ཁུའི་ནད་ཀྱི་ཁྱད་ཆོས་གཙོ་བོ་གཤམ་གསལ།

    1.ནད་ཕོག་ཚད་མང་བ།

    2. རྒྱུན་མཐོང་མང་བའམ་དར་མར་ཕོག་སླ་བའི་གཅིན་སྙི་ཟགས་ཁུའི་ནད་ཕོག་མང་བ་དང་རྒན་རྒོན་གྱི་གཅིན་སྙི་ཟགས་ཁུའི་ནད་མང་ཆེ་བ(95%ཡན)རྒྱུན་མཐོང་མང་བའི་གཅིན་སྙི་ཟགས་ཁུའི་ནད་ཡིན་པ།

    3.རྒན་རྒོན་གྱི་གཅིན་སྙི་ཟགས་ཁུའི་ནད་ཕོག་མཁན་ལ“མང་བ་གསུམ”གྱི་ནད་རྟགས་མེད་པ།

    4.རྒན་རྒོན་ལ་གཅིན་སྙི་ཟགས་ཁུའི་ནད་ཕོག་ནས་ལོ་མང་སོང་རྗེས། གཞི་ནས་བརྟག་དཔྱད་ཐུབ་ཀྱི་ཡོད། རྒན་རྒོན་གྱི་གཅིན་སྙི་ཟགས་ཁུའི་ནད་ལ“མང་བ་གསུམ་དང་ཆག་པ་གཅིག”གི་ནད་རྟགས་མངོན་གསལ་མེད་པས། རྒན་རྒོན་མང་ཆེ་བས་རང་ཉིད་ལ་གཅིན་སྙི་ཟགས་ཁུའི་ནད་ཕོག་པ་མི་ཤེས་པས། རྟག་ཏུ་ཕོ་བ་དང་རྒྱུ་མའི་ནད་སོགས་ཕོག་པར་ངོས་འཛིན་བྱེད་ཀྱི་ཡོད། དེ་ལྟའི་དབང་གིས་རྒན་རྒོན་གྱི་གཅིན་སྙི་ཟགས་ཁུའི་ནད་ཕོག་མཁན་མང་པོ་ཞིག་གིས་སྔ་ཙམ་སྨན་བཅོས་དང་སྔ་ཙམ་སྔོན་འགོག་བྱེད་པའི་གོ་སྐབས་ཤོར་གྱི་ཡོད།

    5.ནད་གཞི་བརྟག་དཔྱད་དང་སྨན་བཅོས་དུས་ཐོག་དང་ཚད་ལྡན་མ་བྱུང་བའི་རྐྱེན་གྱིས་སྙིང་ནད་དང་། ཀླད་རྩ་མཁྲེགས་པོ་ཆགས་པ། ཀླད་ཁྲག་འགག་པ། རྐང་ནད་སོགས་འདུས་ནད་ཐོན་སླ་པོ་ཡོད།

    གསུམ། མི་གང་དག་གཅིན་སྙི་ཟགས་ཁུའི་ནད་ཀྱི་ཉེན་ཁ་ཆེ་བའི་ཁོངས་སུ་གཏོགས་སམ།

    1.རྒྱགས་པ་ཆགས་པ(གཟུགས་པོའི་ལྗིད་ཚད་ཚད་གཞི་ལས་20%ལས་བརྒལ་བ)

    2.ཁྱིམ་རྒྱུད་ནང་གཅིན་སྙི་ཟགས་ཁུའི་ནད་ཕོག་མཁན་ཡོད་པ(ཕ་མ་སོགས)

    3.སྦྲུམ་མར་གཅིན་སྙི་ཟགས་ཁུའི་ནད་ཕོག་མྱོང་བའམ་ཡང་ན་མངལ་དུ་འཁོར་བའི་ཕྲུ་གུ་ཆེན་པོ(ཕྲུ་གུ་དམར་འབྱར≥ལྗིད་ཚད་ཆན་ཁེ་4)

    4.ཁྲག་ཤེད་མཐོ་བ(≥140/90mmHg)

    5.འདུས་ཚད་མཐོ་བའི་ཞག་ཚིལ་སྤྲི་དཀར(HDL) ≤ཧྲེང་རེར་ཧའོ་མོར་0.9(≤ཧའོ་ཁེ་35/ཧྥེན་ཧྲེང)

    6.མངར་སྣུམ(TG)≥ཧྲེང་རེར་ཧའོ་མོར་2.8(≥ཧའོ་ཁེ་250/ཧྥེན་ཧྲེང)

    7.གྲོད་པར་སྟོང་པར་ཁྲག་མངར་མཐོ་རུ་ཕྱིན་པའམ་ཡང་ན་རྒུན་འབྲུམ་མངར་ཆ་མཐོ་རུ་ཕྱིན་པ།

    གཅིན་སྙི་ཟགས་ཁུའི་ནད་ཀྱི་རྒྱུན་གཏན་གྱི་འཕྲོད་སྦྱོར་དང་སྔོན་འགོག་ཡང་དག་ཇི་ལྟར་བྱེད་དགོས་སམ།

    1.གཅིན་སྙི་ཟགས་ཁུའི་ནད་ཀྱི་རྒྱུན་ཤེས་ཤེས་རྟོགས་མང་ཙམ་བྱས་ནས་སྔ་ཙམ་ནད་གཞི་ཤེས་རྟོགས་དང་སྔ་ཙམ་སྨན་བཅོས་བྱེད་དགོས།

    གཅིན་སྙི་ཟགས་ཁུའི་ནད་གཞི་ཐོན་ཚད་ཆེ་བ་མ་ཟད་འདུས་ནད་ཐོན་མང་བ་ཡོད། དེར་བརྟེན་གལ་ཏེ་ཁྱེད་རང་ལ་གཅིན་སྙི་ཟགས་ཁུའི་ནད་གཞི་ཚབས་ཆེན་ཡོད་ན། རྒྱུན་དུ་འཚོ་བའི་ཁྲོད་ངེས་པར་དུ་དོ་སྣང་མང་ཙམ་བྱེད་དགོས་པ་སྟེ། དུས་བཀག་ལྟར་གཟུགས་པོར་བརྟག་དཔྱད་བྱས་ནས་གཅིན་སྙི་ཟགས་ཁུའི་འབྲེལ་ཡོད་རྒྱུན་ཤེས་དང་དེ་བཞིན་དཔེ་མཚོན་གྱི་ནད་ཐོག་སྨན་བཅོས་སོགས་ཤེས་རྟོགས་མང་ཙམ་བྱས་ཏེ། སྔ་ཙམ་ནས་རྒུན་འབྲུམ་མངར་ཆ་གཅོག་པའི་སྨན་གཏོང་བ་དང་མངར་རྩི་རྙིང་ཚབ་རྒྱུན་གཏན་མེད་པའམ་ཡང་ན་གཅིན་སྙི་ཟགས་ཁུའི་ནད་གཞི་དུས་ཐོག་ཏུ་ཤེས་པ་བྱེད་དགོས་པ་མ་ཟད། གང་མགྱོགས་སྨན་བཅོས་བྱས་ཏེ་ཁྲག་མངར་ཚོད་འཛིན་བྱས་ནས་གཅིན་སྙི་ཟགས་ཁུའི་འདུས་ནད་ཕོག་ཚད་ཉུང་དུ་གཏོང་དགོས།

    2.གཅིན་སྙི་ཟགས་ཁུའི་བཟའ་བཏུང་ཐད་དོ་སྣང་བྱེད་དགོས།

    གཅིན་སྙི་ཟགས་ཁུའི་ནད་ལྕི་པོ་མེད་པའི་ནད་པས་བཟའ་བཏུང་ལ་ཚོད་འཛིན་འོས་འཚམ་བྱེད་པ་དང་ཆབས་ཅིག ལུས་རྩལ་སྦྱོང་བརྡར་འོས་འཚམ་བྱས་ཏེ་ཤ་རིད་དུ་གཏོང་བའམ་ཡང་ན་གཟུགས་པོའི་ལྗིད་ཚད་ཆག་པ་བྱས་ནས་འགོག་བཅོས་ཐུབ་པ་བྱེད་པ་ལས། ཁྲག་མངར་གཅོག་པའི་སྨན་གནས་སྐབས་གཏོང་མཚམས་འཇོག་དགོས། སྨན་ཟ་དགོས་པའི་གཅིན་སྙི་ཟགས་ཁུའི་ནད་ཕོག་མཁན་གྱིས་གལ་ཏེ་བཟའ་བཏུང་ལ་ཚོད་འཛིན་མ་བྱས་ན། སྨན་བཏང་ཡང་ནད་གཞི་བཅོས་མི་ཐུབ། དེར་བརྟེན་བཟའ་བཏུང་ལ་ཚོད་འཛིན་བྱེད་པ་ནི་གཅིན་སྙི་ཟགས་ཁུའི་ནད་བཅོས་པའི་རྨང་གཞི་རེད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001396234021