བོད་ལྗོངས།
གཅིན་སྙི་ཟགས་ཁུའི་ནད་པའི་བཟའ་བཏུང་སྤྱོད་སྟངས།

    1.ཟས་རིགས་གཙོ་བོ་འབྲས་དང་གྲོ་ཞིབ་ཡིན་ཏེ། དཔེར་ན། ཡུག་པོ་དང་། གྲོ་ཆག མ་རྨོས་ལོ་ཏོག་སོགས་ལ་སྐྱེ་མེད་ཚྭ་མང་བ་དང་། འཚོ་བཅུད་ཆེ་བ། བཟའ་བཅའི་ཚི་སྣ་མང་བ་བཅས་ཡོད་པ་དང་། བཟའ་བཅའི་ཚི་སྣར་ཁྲག་མངར་ཉུང་དུ་གཏོང་བ་དང་ཁྲག་མངར་ཚོད་འཛིན་གྱི་ནུས་པ་ཡོད་པ་རེད།

    2. སྤྲི་དཀར་རིགས་ཀྱི་ཡོང་ཁུངས་ཡག་ཤོས་ནི་སྲན་མ་དང་སྲན་བཟོས་བཟའ་བཅའ་ཡིན་ཏེ། ཕྱོགས་གཅིག་ནས་དེའི་ནང་སྤྲི་དཀར་རིགས་འདུས་ཚད་མང་ཞིང་སྤུས་ཀ་ཡག་པ་དང་། ཕྱོགས་གཞན་ཞིག་ནས་དེའི་ནང་མཁྲིས་རྒྱུ་གཤེར་རྩི་འདུས་མེད་པས་ཞག་ཚིལ་ཉུང་དུ་གཏོང་བའི་ནུས་པ་ལྡན་པས་སྲོག་ཆགས་རིགས་ཀྱི་བཟའ་བཅའ་ཤ་སོགས་ཀྱི་ཚབ་བྱེད་ཆོག

    3.ནད་པས་དྲོད་ཚད་ཆེ་བའི་བཟའ་བཅའ་ཚོད་འཛིན་བྱེད་རིང་། གལ་སྲིད་ལྟོགས་པའི་སྣང་བ་ཡོད་ཚེ་མངར་ཆ་ཉུང་བའི་སྔོ་ཚལ་བཙོས་རྗེས་སྨན་སྣ་བརྒྱབ་ནས་ཟས་ཆོག་གི་ཡོད། དེ་ཡང་སྔོ་ཚལ་ནང་བཟའ་བཅའི་ཚི་སྣ་དང་བརླན་བཤེར་ཚད་མང་བ་དང་ཚ་ནུས་དམའ་བའི་ཁར། གྲོད་པ་རྒྱགས་པའི་ནུས་པ་ལྡན་པས་དེ་ནི་གཅིན་སྙི་ཟགས་ཁུའི་ནད་པའི་མེད་དུ་མི་རུང་བའི་ཟས་རིགས་གཙོ་བོ་ཞིག་རེད།

    4. བྱེ་མ་ཀ་ར་དང་། བུ་རམ། རྒུན་འབྲུམ་བཅས་དང་དེ་བཞིན་མངར་ཆའི་རིགས་ཀྱི་ཟས་རིགས་ཟ་མི་ཆོག་པ་སྟེ། དཔེར་ན། བྱི་རིལ་དང་། ཏན་ཞིམ། ཤིང་ཏོག་བསྣུར་མ། མངར་སྦངས་ཁ་ཟས། འཁྱགས་ཞོ། བཏུང་བྱ་མངར་མོ་སོགས་ལྟ་བུའོ། ཐན་ཆུའི་འདྲེས་སྦྱོར་དངོས་རྫས་འདུས་ཚད་མང་བའི་ཞོག་ཁོག་དང་། ཧྲན་ཡའོ། ཡུས་ནེ། པད་རྩ། སྒོག་མྱུག གུང་ལ་ཕུག་སོགས་ཉུང་ཙམ་ཟ་བའམ་ཡང་ན་ཟས་རིགས་གཙོ་བོ་ཉུང་དུ་གཏོང་དགོས།

    5.ཚད་ལོངས་ཚིལ་སྐྱུར་མང་པོ་འདུས་པའི་ཕག་སྣུམ་དང་། ཚགས་སྣུམ། མར་སོགས་ཅུང་ཉུང་ཙམ་ཟ་བ་དང་ཡག་ཤོས་བྱུང་ན་མ་ཟས་ན་ལེགས། རྩི་ཤིང་སྣུམ་གྱིས་སྲོག་ཆགས་སྣུམ་གྱི་ཚབ་བྱེད་ཆོག་པ་དང་། བ་དམ་དང་། སྟར་ག ཏིལ་འབྲུ། ཀོའོ་ཙེ་སོགས་ལ་ཞག་ཚིལ་མང་བས་མང་པོ་མི་ཟ་བ་དང་ཡང་ན་སྣུམ་རིགས་ཉུང་དུ་གཏོང་དགོས།

    6.སྒོ་ངའི་སེར་རིལ་དང་སྲོག་ཆགས་ཀྱི་ནང་ཁྲོལ་དཔེར་ན། མཆིན་པ་དང་། ཀླད་པ། མཁལ་མ་སོགས་ཀྱི་ནང་མཁྲིས་རྒྱུ་གཤེར་རྩི་ཧ་ཅང་མང་བས་ཉུང་ཙམ་ཟ་བའམ་ཡང་ན་མི་ཟ་བ།

    7.ཤིང་ཏོག་ནང་གི་རྒུན་འབྲུམ་གྱི་མངར་ཆ་དང་བུ་རམ་གྱི་མངར་ཆས་ཁྲག་མངར་མཐོ་རུ་འགྲོ་སྲིད་པས་ཁྲག་ཤེད་དང་ཁྲག་མངར་ཚོད་འཛིན་ཐུབ་པའི་རིང་ཁོག་སྟོང་གི་ཁྲག་མངར་ཧྲེང་རེར་ཧོ་མེ་མོར་7.8ལས་ཆུང་བ་དང་ཡང་ན་ཟ་མ་ཟས་རྗེས་ཀྱི་ཆུ་ཚོད་2ནང་ཁྲག་གི་མངར་ཆ་ཧོ་མོར་ཧྲེང་10ཡིན་དུས་ཟས་ཐུན་གཉིས་དང་ཡང་ན་མ་ཉལ་གོང་ལ་ཟས་ཆོག་མོད། འོན་ཀྱང་ཚ་ཚད་དང་ཟས་རིགས་གཙོ་བོ་དང་བསྟུན་དགོས།

    8. ཆང་རག་རིགས་ལ་ཆང་རག་གི་ཉིང་ཁུ་འདུས་ཚད་མཐོ་ཞིང་ཚ་ཚད་མཐོ་བ་དང་། འཚོ་བཅུད་གཞན་གྱི་འདུས་ཚད་དམའ་བས་མ་བཏུང་ན་ལེགས།

    9.གཅིན་སྙི་ཟགས་ཁུའི་ནད་པས་བཟའ་བཏུང་གི་སྤྱིའི་ཚ་ཚད་ཚོད་འཛིན་བྱེད་དགོས་པ་ཕུད། བཟའ་བཅའ་སྣ་མང་བཟའ་དགོས་ཀྱི་ཡོད། དེ་ཡང་མངར་ཆ་དང་ཚྭ་ཉུང་དུ་བཏང་བ་ལས་ཟས་རིགས་ཀྱི་བྲོ་བ་ཉམས་འགྲོ་བས་ཚ་ཚད་མི་མཐོ་བ་དང་བཅུད་རྩི་མི་འདུས་པའི་མངར་ཆ་དཔེར་ན། ཨ་སི་པས་བྲོ་བ་ཆེ་རུ་བཏང་ཆོག

    10 གཤེར་མའི་ཕུང་རྩིར་བརྟེན་པའི་ནད་པས་སྨན་པ་དང་འཚོ་བཅུད་པའི་མཛུབ་ཁྲིད་འོག་བཟའ་བཏུང་ཚོད་འཛིན་ཏན་ཏིག་བྱེད་དགོས་པ་དང་། ཤ་རྒྱགས་པ་དང་ཁྲག་ཤེད་མཐོ་བ། སྙིང་ནད་ཡོད་པའི་གཅིན་སྙི་ཟགས་ཁུའི་ནད་པས་བཟའ་བཏུང་ཚོད་འཛིན་ཡག་པོ་བྱེད་དགོས་པ་ཕུད་སྲོག་ཆགས་ཀྱི་ནང་ཁྲོལ་དང་། སྒོ་ངའི་སེར་རིལ། ཉ་སྒོང་བཅས་ལ་འཛེམས་དགོས་ཤིང་། སྲོག་ཆགས་ཀྱི་སྣུམ་སྟེ་དཔེར་ན། ཕག་སྣུམ་དང་། ཚགས་སྣུམ་སོགས་ཚོད་འཛིན་ནན་པོ་བྱེད་དགོས།

    11.མཁལ་མ་གཉིས་ཀྱི་ནུས་པ་ཞན་པའི་གཅིན་སྙི་ཟགས་ཁུའི་ནད་པས་སྤྱིའི་ཚ་ཚད་ཚོད་འཛིན་བྱེད་དགོས་པ་ཕུད། ནད་གཞིར་དམིགས་ནས་ཚྭ་ཉུང་དུ་གཏོང་བའམ་ཡང་ན་ཚྭ་དང་ནཱ་རྒྱུ་མི་ཟ་བ་དང་། སྤྲི་དཀར་རིགས་འདུས་ཚད་ཚོད་འཛིན་བྱས་ཏེ་ཉིན་རེར་ཟ་ཚད་གཟུགས་པོའི་ལྗིད་ཚད་སྤྱི་རྒྱ་རེར་ཁེ་0.8ལས་བརྒལ་མི་རུང་། རྩི་ཤིང་གི་སྤྲི་དཀར་འདུས་ཚད་ཉུང་དུ་བཏང་སྟེ་སྲན་རིགས་ཉུང་ཙམ་ཟ་བའམ་ཡང་ན་གང་ཐུབ་ཅི་ཐུབ་ཀྱིས་མི་ཟ་བ་དང་སྤྲི་དཀར་ཡོངས་ཁུངས་གཙོ་བོ་ནི་ཤ་དང་། སྒོ་ང་། དཀར་ཆུ་སོགས་རེད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001396397411