བོད་ལྗོངས།
གཅིན་སྙི་ཟགས་ཁུའི་ནད་ཕོག་མཁན་གྱིས་ཤིང་ཏོག་ཟ་སྐབས་དོ་སྣང་བྱེད་དགོས་པའི་དོན་ཚན།

    ①ཤིང་ཏོག་ལ་འཚོ་བཅུད་དང་། ཚི་སྣ། གཏེར་རྒྱུ་བཅས་མང་པོ་འདྲས་ཡོད་པས་གཅིན་སྙི་ཟགས་ཁུའི་ནད་ཕོག་མཁན་ལ་ཕན་ཐོགས་ཆེན་པོ་ཡོད། ཤིང་ཏོག་གི་མངར་ཆར་རྒུན་འབྲུམ་གྱི་མངར་ཆ་དང་། ཤིང་ཏོག་གི་མངར་ཆ། བུ་རམ་བཅས་ཡོད་ཅིང་། དེའི་ཁྲོད་ཤིང་ཏོག་གི་མངར་ཆས་འཚོ་བཅུད་འབུད་ལེན་བྱེད་སྐབས་གཤེར་མའི་ཕུང་རྩི་ནས་བརྒྱུད་དགོས་ཀྱི་མེད། དེར་བརྟེན་གཅིན་སྙི་ཟགས་ཁུའི་ནད་ཕོག་མཁན་གྱིས་ཁྲག་མངར་ཚོད་འཛིན་ཐུབ་རྗེས་ཤིང་ཏོག་ཅུང་བཟས་ན་འགྲིག

    ②ཤིང་ཏོག་ལ་མངར་ཆ་འདུས་ཚད་མང་ཉུང་གཅིག་པ་མིན་པས། ཁེ་བརྒྱ་རེའི་བཟའ་བཅར་མངར་ཆ་འདུས་ཚད་ཁེ་10མན་གྱི་ཤིང་ཏོག་ནི། ཤིས་ཀྭ་དང་། རྒུན་འབྲུམ། ཁམ་བུ། འབྲི་ཏ་ས་འཛིན། བུར་ཤིང་སོགས་ཡོད་པས་གཅིན་སྙི་ཟགས་ཁུའི་ནད་ཕོག་མཁན་གྱིས་གདམ་ག་བྱས་ནས་བཟའ་ཆོག མངར་ཆ་འདུས་ཚད་ཁེ་11ནས་20བར་གྱི་ཤིང་ཏོག་ལ་ངང་ལག་དང་། ཚ་ལུ་མ། ཀུ་ཤུ། ལི། ལི་ཀྲི་སོགས་ཡོད་པས་དེ་དག་ཚད་རན་པོས་ཟ་དགོས། མངར་ཆ་འདུས་ཚད་ཁེ་20ལས་བརྒལ་བའི་ཤིང་ཏོག་ནི་ཤིང་ཏོག་ཨ་མྲ་དང་། རྒུན་འབྲུམ་སྐམ་པོ། ཁམ་བུ་སྐམ་པོ། འབྲུག་མིག་སོགས་ཡོད་པ་དང་། དེ་དག་ལ་མངར་ཆ་འདུས་ཚད་ཧ་ཅང་མཐོ་བས་གཏན་ནས་ཟ་རྒྱུ་མེད། སྔོ་ཚལ་མི་ཉུང་བ་ཞིག་ཤིང་ཏོག་ལ་བརྩིས་ནས་བཟས་ན་འགྲིག་པ་སྟེ། དཔེར་ན་ཀྲོ་མ་ཀྲུ་དང་། ཧོང་ཀྭ ཚའེ་ཀྭ་སོགས་ཡིན་པ་དང་། དེ་དག་གི་ཁེ་བརྒྱ་རེའི་སྔོ་ཚལ་ལ་མངར་ཆ་འདུས་ཚད་ཁེ་5མན་ཟིན་པ་དང་འཚོ་བཅུད་མང་བས་ཤིང་ཏོག་གི་ཚབ་བྱས་ནས་བཟའ་ཆོག་པ་དང་། གཅིན་སྙི་ཟགས་ཁུའི་ནད་ཕོག་མཁན་གྱིས་བཟས་ན་འགྲིག

    ③ཤིང་ཏོག་ཚད་རན་པོ་ཟ་དགོས། ཤིས་ཀྭ་ལ་མངར་ཆ་ཉུང་ཡང་ཤིས་ཀྭ་ཁེ་500བཟས་ན་མིའི་གཟུགས་པོར་མཁོ་བའི་མངར་ཆ་དེ་འབྲས་ཁེ་25དང་མཚུངས་ཀྱི་ཡོད་པས་དེར་བརྟེན་མང་པོ་ཟ་རྒྱུ་མེད།

    ④ཤིང་ཏོག་ཟ་སྟངས་ཐད་དོ་སྣང་བྱེད་དགོས་པ་སྟེ། ཁ་ལག་བཟས་རྗེས་ལམ་སེང་ཤིང་ཏོག་ཟ་རྒྱུ་མེད་པར་ལྟོ་དུས་གཉིས་ཀྱི་བར་དུའམ་ཡང་ན་མ་ཉལ་གོང་ཟ་དགོས། གལ་ཏེ་ཁྲག་མངར་མཐོ་རུ་ཕྱིན་ནས་གཅོག་དགོས་ཚེ་དཔེར་ན། ཤིང་ཏོག་ཟ་ཚད་ཉུང་དུ་བཏང་ཡང་ཁྲག་མངར་སྔར་བཞིན་འཕར་ན། ཟས་གཙོ་བོ་ཉུང་དུ་འོས་འཚམ་གཏོང་དགོས་ཤིང་། ལུགས་མཐུན་དང་ཚན་རིག་དང་མཐུན་པའི་སྒོ་ནས་བཟའ་བཏུང་བྱེད་དགོས།

    3.ལུས་སྦྱོང་འོས་འཚམ་རྒྱུན་འཁྱོངས་བྱེད་དགོས།

    ལུས་རྩལ་འོས་འཚམ་བརྩེས་ན་མངར་ཆ་དབྱེ་གསེས་བྱེད་མགྱོགས་སུ་འགྲོ་བ་དང་། གཤེར་མའི་ཕུང་རྩིའི་འགོག་ནུས་དམའ་རུ་འགྲོ་བ། གཤེར་མའི་ཕུང་རྩིའི་ཚོར་སྣང་སྐྱེན་ཏུ་འགྲོ་བ་མ་ཟད། ད་དུང་གཟུགས་པོའི་ནད་འགོག་ནུས་པ་མཐོ་རུ་འགྲོ་ཐུབ་ཀྱི་ཡོད། ལུས་རྩལ་མཐའ་འཁྱོངས་བྱས་ན་ཁྲག་མངར་ཚོད་འཛིན་ལ་ཕན་ཐོགས་ཡོད། གཅིན་སྙི་ཟགས་ཁུའི་ནད་ཕོག་མཁན་ལ་འཚམ་པའི་ལུས་སྦྱོང་ནི་དལ་བའི་ལུས་རྩལ་ཡིན་པ་དང་། ལུས་སྦྱོང་བྱས་རྗེས་སྙིང་གཡུག་ཤུགས་འགོར་དུ་འགྲོ་བ་དང་དབུགས་སྙོམས་པོ་ཡོང་བའི་ལུས་རྩལ་ནི་འཆམ་འཆམ་དང་། རྒྱུག་ཤར་དལ་པོ་གློད་པ། ཐའེ་ཅི་དྲག་རྩལ། རྐང་འཁོར་བཞོན་པ། ཐག་མཆོང་རྒྱག་པ། ཆུ་རྐྱལ་རྒྱག་པ་སོགས་རེད། འོན་ཀྱང་གཅིན་སྙི་ཟགས་ཁུའི་ནད་ཕོག་མཁན་གྱིས་ལུས་རྩལ་རྩེ་སྐབས་རིམ་གྱིས་མང་དུ་གཏོང་དགོས།

    གཅིན་སྙི་ཟགས་ཁུའི་ནད་ཕོག་མཁན་གྱིས་གཤམ་གསལ་གྱི་ལུས་རྩལ་འདི་དག་ཉུང་ཙམ་རྩེ་དགོས།

    སྙིང་ནད་ཡོད་པ་དང་སྙིང་གི་ཁྲག་རྩྭ་འཁོར་རྒྱུག་ཡག་པོ་མེད་མཁན།

    མིག་ནད་ཡོད་མཁན།

    མཁལ་མ་ཡག་པོ་མེད་མཁན།

    ཁྲག་ཤེད་ཧ་ཅང་མཐོ་བ(ཁྲག་ཤེད། 180/105mmHgལས་མཐོ་བ)

    གཅིན་སྙི་ཟགས་ཁུའི་ནད་ཕོག་པ་དང་གྲུམ་བུའི་ནད་ཕོག་མཁན།

    རྟག་ཏུ་མགོ་ཡུ་འཁོར་བ་དང་ལྷག་པར་དུ་ལུས་སྦྱོང་བྱེད་སྐབས་མགོ་ཡུ་འཁོར་མཁན།

    རྒྱུན་དུ་ཁྲག་མངར་ཆག་མཁན།

    ལུས་སྦྱོང་བྱས་རྗེས་སྙིང་གཡུག་ཤུགས་མང་དུ་འགྲོ་མཁན།

    དོས་དྲག་གི་འདུས་ནད་ཕོག་མཁན། དཔེར་ན། འགོ་ནད་དང་། ཚ་བ་རྒྱས་པ་བཅས་ཀྱི་ནད་ཕོག་མཁན། ཁྲག་མངར་མངོན་གསལ་མཐོ་རུ་འགྲོ་མཁན(གྲོད་པ་སྟོང་པར་ཁྲག་མངར་ཧྲེང་རེར་ཧའོ་མོར་16.7ལས་མཐོ་བ)

    4.སེམས་པ་གུ་ཡངས་པོ་ཡོད་ན་གཅིན་སྙི་ཟགས་ཁུའི་ནད་སྔོན་འགོག་བྱེད་ཐུབ།

    སེམས་པ་གུ་ཡངས་པོ་ཡོད་ན་གཅིན་སྙི་ཟགས་ཁུའི་ནད་སྔོན་འགོག་བྱེད་ཐུབ། སེམས་པ་གུ་དོག་ན་གཤེར་མའི་ཕུང་རྩིའི་འགོག་ནུས་ཆེ་རུ་ཕྱིན་ནས་གཅིན་སྙི་ཟགས་ཁུའི་ནད་ཕོག་གི་ཡོད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001396398211