བོད་ལྗོངས།
རུས་སོབ་ནད་ཀྱི་སྔོན་འགོག་དང་རྒྱུན་གཏན་གྱི་འཕྲོད་སྦྱོར།

    གཅིག གང་འདྲ་ཞིག་ལ་རུས་སོབ་ཀྱི་ནད་ཟེར།

    རུས་སོབ་ནད་ནི་རུས་པའི་ཕུང་གྲུབ་ཀྱི་ཕྲ་མཐོང་གྲུབ་ཆར་སྐྱོན་ཤོར་ནས་རུས་གཏེར་གྲུབ་ཆ་དང་རུས་གཞི་སོགས་ཀྱི་སྡུར་ཚད་རིམ་གྱིས་ཉུང་དུ་སོང་བ་དང་། རུས་རྒྱུ་ཉམས་པ། རུས་གྲངས་ཉུང་དུ་སོང་བས་རུས་ཕྲུམ་རང་བཞིན་མང་དུ་སོང་བ་དང་རུས་ཆག་གི་ཉེན་ཁ་ཆེ་རུ་ཕྱིན་ནས་ལུས་པོ་ཡོངས་ཀྱི་རུས་པའི་རྙིང་འབུད་གསར་ལེན་ལ་འགལ་རྐྱེན་བཟོ་བའི་ནད་གཞི་ཞིག་ལ་ཟེར། རུས་སོབ་ནད་ལ་སྤྱིར་ན་ཐོག་མ་ནས་འབྱུང་བའི་རང་བཞིན་གྱི་རུས་སོབ་ནད་དང་རྗེས་བྱུང་རང་བཞིན་གྱི་རུས་སོབ་ནད་གཉིས་སུ་དབྱེ་བ་དང་། ཡང་ཐོག་མ་ནས་འབྱུང་བའི་རང་བཞིན་གྱི་རུས་སོབ་ནད་ལ་ཟླ་མཚན་རྩ་ཆད་རྗེས་ཀྱི་རུས་སོབ་ནད་དང་རྒན་རྒོན་རང་བཞིན་གྱི་རུས་སོབ་ནད་གཉིས་རེ་དབྱེ་ཡི་ཡོད། རྒན་རྒོན་གྱི་ནང་ནས་སྐྱེས་པར་ནད་ཕོག་ཚད་60.72%དང་བུད་མེད་ལ་ནད་ཕོག་ཚད་90.47%རེད།

    གཉིས། ཁྱེད་ལ་རུས་སོབ་ནད་ཕོག་ཉེན་ཡོད་དམ།

    1.ཁྱེད་ལ་རྡབ་ཆག་ཆུང་ངུ་ཤོར་བྱུང་བའམ་ཡང་ན་མཚང་རུས་ཆག་མྱོང་ཡོད་དམ།

    2.ཁྱེད་ལ་དེ་སྔ་རྡབ་ཆག་ཆུང་ངུ་ཤོར་བའམ་ཡང་ན་འགྱེལ་ཏེ་རུས་པར་རྨས་སྐྱོན་ཕོག་མྱོང་ངམ།

    3.ཁྱེད་ཀྱིས་ཁོ་ཏི་སུང་དང་ཆང་ཏི་སུང་སོགས་སྐུལ་རྒྱུའི་རིགས་ཀྱི་སྨན་ཟླ་བ་གསུམ་ཡན་གཏོང་མྱོང་ངམ།

    4.ཁྱེད་ཀྱི་གཟུགས་ཚད་ལི་སྨི་3ཆག་འདུག་གམ།

    5.ཁྱེད་ཀྱིས་རྒྱུན་དུ་ཆང་རག་ཚད་མེད་པ་འཐུང་གི་ཡོད་དམ།

    6.ཁྱེད་ཀྱིས་ཉིན་རེར་ཐ་མག་རྐང་20ཡན་འཐེན་གྱི་ཡོད་དམ།

    7.ཁྱེད་ལ་རྒྱུན་དུ་བཤལ་ནད་ཕོག་གི་ཡོད་དམ།

    8.བུད་མེད་ལ་དྲི་བ། ཁྱེད་རང་ལོ་45ཡི་གོང་ཟླ་མཚན་རྩ་ཆད་སོང་ངམ།

    9.བུད་མེད་ལ་དྲི་བ། དེ་སྔ་ཁྱེད་ལ་ཟླ་12ཡན་བསྟུད་མར་ཟླ་མཚན་མ་སླེབས་པ་བྱེད་མྱོང་ངམ(མངལ་འཁོར་རིང་ཕུད)

    10.སྐྱེས་པར་དྲི་བ། ཁྱེད་ལ་ཕོ་མཚན་ལང་དཀའ་བའམ་ཡང་ན་འཁྲིག་སྦྱོར་བྱེད་འདོད་མེད་པའི་ནད་ཕོག་མྱོང་ངམ།

    གལ་ཏེ་བདམས་པའི་ལན་བརྒྱབ་པའི་ནང་ནས་ལྔ་ཡན“རེད” ལྔ་ཡན་ཡིན་ཚེ། སྨན་ཁང་དུ་ཕྱིན་ནས་རུས་པའི་འདུས་ཚད་ལ་བརྟག་དཔྱད་བྱེད་དགོས། ད་དུང་རང་ཉིད་ཀྱི་འཚོ་བའི་གོམས་གཤིས་ལ་དོ་སྣང་དང་ལེགས་སྒྲིག་བྱས་ཏེ་ཡང་དག་པའི་སྔོན་འགོག་དང་དང་འཕྲོད་སྦྱོར་ཡང་བྱེད་དགོས།

    གསུམ། རུས་སོབ་ནད་ལ་ནད་རྟགས་གང་ཡོད་དམ།

    1.ན་ཟུག་གཏོང་བ།

    ན་ཟུག་གཏོང་བ་ནི་ཐོག་མ་ནས་འབྱུང་བའི་རུས་སོབ་ནད་ཀྱི་རྒྱུན་མཐོང་ནད་རྟགས་ཡིན་པ་དང་། མང་ཆེ་བ་སྐེད་པ་དང་སྒལ་པར་ན་ཟུག་གཏོང་གི་ཡོད། གན་རྐྱལ་དུ་ཉལ་བའམ་ཡང་ན་བསྡད་ནས་སྡོད་སྐབས་ན་ཟུག་ཡང་དུ་སོང་བ་དང་ཀེར་རེར་ཡུན་རིང་ལངས་པའམ་ཡང་ན་ཡུན་རིང་བསྡད་ན་ན་ཟུག་དྲག་པོ་གཏོང་གི་ཡོད། ཉིན་མོ་ན་ཟུག་ཆུང་བ་དང་། མཚན་མོ་དང་ཞོགས་པ་ལང་དུས་སྡུག་ཏུ་འགྲོ་ཡི་ཡོད། སྐེད་པ་སྒུར་སྒུར་བྱེད་པ་དང་། ཤ་གནད་ལ་ལུས་སྦྱོང་བྱེད་པ། གློ་རྒྱག་པ། བཙོག་པ་ཤུགས་བརྒྱབ་ནས་གཏོང་སྐབས་ན་ཟུག་ལྕི་རུ་འགྲོ་ཡི་ཡོད།

    2.གཟུགས་ཚད་ཆུང་དུ་འགྲོ་བ་དང་སྟོད་སྒུར་ཆགས་པ།

    མང་ཆེ་བ་ན་ཟུག་བཏང་རྗེས་ནད་རྟགས་དེ་རིགས་ཐོན་ཞིང་། སྒལ་ཚིགས་ཀྱི་ཐེག་ཤུགས་ཆེ་རུ་སོང་ན་རུས་ཚིགས་འཁུམས་ནས་གཟུགས་གྱུར་སྟེ་སྟོད་སྒུར་ཆགས་ཀྱི་ཡོད།

    3.རུས་ཆག

    འདི་ནི་རྒྱབ་འགྲོས་རང་བཞིན་གྱི་རུས་སོབ་ནད་ཀྱི་ཁྲོད་མཐོང་མང་ཤོས་དང་ཚབས་ལྕི་ཤོས་ཀྱི་ནད་རྟགས་རེད།

    4.འབུགས་འབྱིན་རྔུབ་ཀྱི་ནུས་པ་ཞན་དུ་འགྲོ་བ།

    བྲང་དང་སྐེད་ཚིགས་ལ་གནོན་བཙིར་རང་བཞིན་གྱི་རུས་ཆག་ཐེབས་པ་དང་། སྒལ་ཚིགས་གུག་པ། བྲང་ཁོག་གི་གཟུགས་འགྱུར་བ་བཅས་བྱུང་ཚེ། དབུགས་ཐག་རིང་ཐུང་དང་དབུགས་བརྗེ་ཚད་མངོན་གསལ་དོད་པོས་ཞན་དུ་འགྲོ་བས། ནད་པར་དབུགས་སུབ་ཐེབས་པ་དང་། དབུགས་ཧད་པ། དབུགས་འབྱིན་རྔུབ་དཀའ་བ་སོགས་ཀྱི་ནད་རྟགས་ཐོན་སྲིད།

    བཞི། རུས་སོབ་ནད་སྔོན་འགོག

    1.རུས་སོབ་ནད་ཀྱི་སྔོན་འགོག

    རུས་སོབ་ནད་སྔོན་འགོག་བྱེད་ཐབས་ཡག་ཤོས་ནི་དུས་བཀག་ཐོག་རུས་པའི་འདུས་ཚད་ལ་བརྟག་དཔྱད་བྱེད་དགོས། སྤྱིར་བཏང་བྱས་ན་བུད་མེད་ལོ་40ཡན་དང་སྐྱེས་པ་ལོ་45ཡན་དང་ལྷག་པར་དུ་ཟླ་ཚན་རྩ་ཆད་སོང་བའི་བུད་མེད་ཀྱིས་ལོ་ལྟར་སྨན་ཁང་ངམ་ལུས་པོ་བརྟག་དཔྱད་ལྟེ་གནས་སུ་རུས་པའི་འདུས་ཚད་ལ་བརྟག་དཔྱད་ཐེངས་གཅིག་ནས་གཉིས་བར་བྱེད་དགོས་པ་དང་སྦྲགས་རྣམ་གྲངས་གཞན་དག་བརྟག་དཔྱད་བྱས་ནས་རུས་པའི་རྙིང་འབུད་གསར་ལེན་དང་རུས་པ་བརྗེ་སྒྱུར་གྱི་སྐྱེ་དངོས་རྫས་འགྱུར་སྟོན་རྟགས་བརྟག་དགོས། ཁྲག་དང་། གཅིན་པ། བཙོག་པ་བཅས་ཀྱི་ནང་གཏེར་རྒྱུ་ནས་རུས་པའི་རྙིང་འབུད་གསར་ལེན་གྱི་གནས་ཚུལ་ཤུགས་སུ་ཤེས་ཐུབ། གལ་ཏེ་ལོ་60ཡོལ་རྗེས་གཞི་ནས་རུས་པའི་འདུས་ཚད་བརྟག་དཔྱད་བྱེད་པ་དང་ལྷག་པར་དུ་ཟླ་ཚན་རྩ་ཆད་སོང་རྗེས་བརྟག་དཔྱད་བྱས་ན་ཕྱི་དྲགས་པས་ཕན་འབྲས་མངོན་གསལ་དོད་པོ་ཐོན་མི་སྲིད། བརྟག་དཔྱད་དང་། ནད་དཔྱད། སྨན་བཅོས་བཅས་སྔ་ཙམ་བྱས་ན་རུས་པ་ཟད་ཚད་ལ་ཚོད་འཛིན་ཐུབ་ལ་རུས་པ་གྲུབ་པར་སྐུལ་འདེད་ཐུབ་ནས་རུས་པའི་འདུས་ཚད་དང་རུས་པ་མཁྲེགས་སུ་སོང་ནས་རུས་ཆག་ཐོན་ཚད་ཆུང་དུ་སོང་སྲིད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001397656931