བོད་ལྗོངས།
གཟའ་འཁོར་འདིའི་གནམ་གཤིས།

    གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ(2021ལོའི་ཟླ་3ཚེས་1ཉིན་ནས་ཟླ་3ཚེས་7ཉིན་བར)

    གཟའ་ཟླ་བ་ནས་ལྷག་པ་བར། ཉིང་ཁྲི་དང་། ཆབ་མདོའི་བྱང་རྒྱུད། ལྷོ་ཁའི་ལྷོ་རྒྱུད། ནག་ཆུའི་ཤར་རྒྱུད་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་གངས(ཆར་པ)སིམ་སིམ་འབབ་རྒྱུ་དང་། ས་ཆ་ཁག་གཅིག་ལ་གནམ་དྭངས་ནས་སྤྲིན་པ་ཉུང་ཉུང་འཁོར་རྒྱུ།

    གཟའ་ཕུར་བུ་ནས་སྤེན་པ་བར། ཉིང་ཁྲི་དང་། ཆབ་མདོ། ལྷོ་ཁའི་ལྷོ་རྒྱུད། གཞིས་རྩེའི་ལྷོ་རྒྱུད་བཅས་སུ་གངས(ཆར་པ)སིམ་སིམ་འབབ་རྒྱུ་དང་། ས་ཆ་ཁག་གཅིག་ལ་གངས(ཆར་པ)འབྲིང་བ་འབབ་རྒྱུ། དེ་མིན་ས་ཁུལ་ལ་སྤྲིན་པ་མང་པོ་འཁོར་རྒྱུ།

    གཟའ་ཉི་མར། མངའ་རིས་དང་། གཞིས་རྩེའི་ལྷོ་རྒྱུད། ཉིང་ཁྲི་བཅས་སུ་གངས(ཆར་པ)སིམ་སིམ་འབབ་རྒྱུ། ས་བབ་མཐོ་བའི་ས་ཆ་ཁག་གཅིག་ལ་གངས(ཆར་པ)འབྲིང་བ་འབབ་རྒྱུ། དེ་མིན་ས་ཁུལ་དུ་སྤྲིན་པ་མང་པོ་འཁོར་རྒྱུ།

    གཟའ་འཁོར་འདིར་ནག་ཆུ་དང་མངའ་རིས་སུ་ལྷགས་པ་ཆེན་པོ་རིམ་པ་7ནས་8བར་རྒྱག་རྒྱུ་དང་། གཞིས་རྩེ་དང་། ལྷོ་ཁ། ལྷ་ས་བཅས་ཀྱི་གཙང་པོ་རྒྱུག་ཁུལ་དུ་ཐོལ་རླུང་རིམ་པ་4ནས་5བར་རྒྱག་རྒྱུ། ཉིན་དགུང་ཡོལ་རྗེས་བྱེ་རླུང་འཚུབ་པའི་གནམ་གཤིས་བསྟན་རྒྱུ།

    གཉིས། གྲོས་འགོ།

    1.རང་ལྗོངས་སུ་གཟའ་འཁོར་འདིར་གངས་ཆར་འབབ་ཚད་ཉུང་བ་དང་། དྲོད་ཚད་ཅུང་མཐོ་བས་ནགས་ཚལ་གྱི་མེ་ཟོན་སྔོན་འགོག་ལ་ཤུགས་སྣོན་རྒྱག་དགོས།

    2.གཟའ་འཁོར་འདིར་ཡར་ཀླུང་གཙང་པོ་རྒྱུག་ཁུལ་དུ་ཉིན་དགུང་ཡོལ་རྗེས་ལྷགས་པ་ཆེན་པོ་རྒྱག་པ་དང་། བྱེ་རླུང་འཚུབ་པ། ཐལ་རྡུལ་ལང་བའི་གནམ་གཤིས་ཡང་སེ་བསྟན་སྲིད་པས་འགྲིམ་འགྲུལ་སྐྱེལ་འདྲེན་དང་སློབ་མ་སློབ་གྲྭར་ལོག་པ་སོགས་ལ་ཤུགས་རྐྱེན་ངན་པ་ལ་དོགས་ཟོན་བྱེད་དགོས།

    3.ཉིང་ཁྲིའི་དབུས་ཤར་རྒྱུད་དུ་དུས་ཚོད་ལ་གཞིགས་ནས་དཔྱིད་རྨོད་དཔྱིད་འདེབས་བྱེད་དགོས།

    4.གནམ་གཤིས་རིམ་བཞིན་དྲོ་རུ་འགྲོ་བ་དང་བསྟུན་ས་ཆ་ཁག་གཅིག་ཏུ་གངས་བཞུར་ནས་འདམ་རྡོའི་ཆུ་རུད་སོགས་ཀྱི་ཞོར་སྐྱོན་ལ་དོགས་ཟོན་བྱེད་དགོས།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001397772061