བོད་ལྗོངས།
༄༅།།ཟླ་དང་པོ་ནས་བདུན་པ་བར་བོད་ཀྱི་ཁྲོམ་རར་ལས་ཞུགས་མི་ཁྲི་3.11གསར་འཕར་བྱུང་བ།

    ཉེ་ཆར་གསར་འགོད་པར་2017ལོའི་ལྗོངས་ཡོངས་ཀྱི་ལས་ཞུགས་ལས་དོན་བཀོད་གཏོང་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། འདི་ལོ་ཚུན་དུ་རང་ལྗོངས་ཀྱིས་ལས་ཞུགས་ལས་གཏོད་ལས་དོན་དེ་ལྗོངས་ཡོངས་སུ་ལས་ཞུགས་གང་ལེགས་བྱེད་པའི་དམིགས་ཚད་མངོན་འགྱུར་བྱེད་པ་དང་། ངལ་རྩོལ་པའི་ལས་རིགས་རྩལ་ནུས་བྱང་ཚད་མཐོར་གཏོང་དམ་འཛིན་བྱ་གཞིར་བྱེད་པ། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ་གཙོ་གནད་དུ་བྱེད་པ་བཅས་བྱས་ནས་དམིགས་ཚད་འགན་འཁྲིར་ཤུགས་སྣོན་དང་ལས་ཀའི་བྱེད་ཐབས་འཐུས་སྒོ་ཚང་དུ་བཏང་བས་ལས་ཞུགས་ལས་དོན་གྱི་འཕེལ་རིམ་བདེ་བླག་བྱུང་ཡོད། ཟླ་དང་པོ་ནས་བདུན་པ་བར་ལྗོངས་ཡོངས་ཀྱི་ཁྲོམ་རར་ལས་ཞུགས་མི་ཁྲི་3.11གསར་འཕར་བྱུང་བ་དང་། ཞིང་འབྲོག་ཁུལ་གྱི་ངལ་ནུས་ལས་ཞུགས་གཞན་སྒྱུར་མི་ཐེངས་ཁྲི་46.51དང་ཁྲི་75.53ཐུབ་པར་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་24.41ཟིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་ཚད་གཞི་2.50%ནང་ཚུན་དུ་ཚོད་འཛིན་ཐུབ་པ་བཅས་བྱས་པ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001366370501