བོད་ལྗོངས།
༄༅།།རླུང་སྤྲིན་བཞི་པ་རྟགས་ཅན་གྱི་གནམ་གཤིས་སྲུང་སྐར་གྱི་ཞིང་ཆེན་རིམ་པའི་ས་ངོས་བརྡ་རྟགས་བསྡུ་ལེན་ས་ཚིགས་བོད་ལྗོངས་ལྷོ་ཁར་འཛུགས་རྒྱུ་ཡིན་པ།

    ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར་ལྷོ་ཁ་གྲོང་ཁྱེར་གནམ་གཤིས་ལས་ཁུངས་ནས་ཤེས་རྟོགས་བྱུང་བར། བོད་རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱིས་བརྟག་ཞིབ་དང་ཚོད་ལྟ་ཐེངས་མང་བྱས་པ་བརྒྱུད་ལྷོ་ཁ་གྲོང་ཁྱེར་རྩེད་ཐང་གྲོང་རྡལ་གྱི་རྒྱལ་ཁབ་གཞི་རྩའི་ས་ཚིགས་དེ་བོད་ཀྱི་རླུང་སྤྲིན་བཞི་པ་རྟགས་ཅན་གྱི་གནམ་གཤིས་སྲུང་སྐར་གྱི་ས་ངོས་བརྡ་རྟགས་བསྡུ་ལེན་ས་ཚིགས་འབའ་ཞིག་དེ་འཛུགས་སྐྲུན་བྱ་ཡུལ་དུ་་གཏན་འཁེལ་བྱས་པ་རེད།

    ལྷོ་ཁ་གྲོང་ཁྱེར་གནམ་གཤིས་ཅུས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། རླུང་སྤྲིན་བཞི་པ་རྟགས་ཅན་གྱི་སྲུང་སྐར་གྱི་ཞིང་ཆེན་རིམ་པའི་ས་ངོས་བརྡ་རྟགས་བསྡུ་ལེན་ས་ཚིགས་ཀྱིས་འཛུགས་སྐྲུན་ས་ཁུལ་གྱི་གློག་ཁབ་ལེན་གྱི་ཁོར་ཡུག་དང་འཚོལ་ཞིབ་ཁོར་ཡུག་དང་དེ་བཞིན་སྲུང་སྐྱོང་སོགས་ཐད་ཆ་རྐྱེན་ཡག་པོ་དགོས། བོད་རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱིས་ལྷོ་ཁ་གྲོང་ཁྱེར་གྱི་ས་ཆ་མང་པོར་བརྟག་ཞིབ་དང་ཚོད་ལྟ་བྱས་རྗེས་རྩེད་ཐང་རྒྱལ་ཁབ་གཞི་རྩའི་གནམ་གཤིས་ས་ཚིགས་ཀྱི་ཆ་རྐྱེན་ཚང་མ་བླང་བྱ་དང་མཐུན་པའི་ངོས་འཛིན་བྱས་ཡོད། བོད་རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱིས་ཞིབ་འཇུག་བྱས་པ་བརྒྱུད་རླུང་སྤྲིན་བཞི་པ་རྟགས་ཅན་གྱི་གནམ་གཤིས་སྲུང་སྐར་གྱི་ས་ངོས་བརྡ་རྟགས་བསྡུ་ལེན་ས་ཚིགས་དེ་ལྷོ་ཁ་གྲོང་ཁྱེར་དུ་འཛུགས་རྒྱུའི་གཏན་འཁེལ་བྱས་པ་རེད། “དེ་ནི་ལྷོ་ཁ་གྲོང་ཁྱེར་གྱིས་གནམ་གཤིས་འཚོལ་ཞིབ་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པར་ཁས་ལེན་གང་ལེགས་བྱས་པ་ཞིག་ཡིན་པ་མ་ཟད། ལྷོ་ཁ་གྲོང་ཁྱེར་གྱིས་གློག་ཁབ་ལེན་གྱི་ཁོར་ཡུག་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་གང་ལེགས་སྤེལ་བར་ཁས་ལེན་བྱས་པ་ཞིག་ཀྱང་ཡིན”ཞེས་འགན་འཁུར་བ་དེས་བཤད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001366448761