བོད་ལྗོངས།
བོད་ཀྱི་ཐད་གཏོང་ལས་སྟེགས་ཐོག་མ“འབྲུའི་TV” ཞེས་པ་དངོས་སུ་སྟོན་འགོ་ཚུགས་པ།

    ཉེ་ཆར་བོད་ཀྱི་ཐད་གཏོང་ལས་སྟེགས་ཐོག་མ་སྟེ“འབྲུའིTV”ཞེས་པ་དངོས་སུ་སྟོན་འགོ་ཚུགས་ཤིང་། དེར་ཐད་གཏོང་དང་། བརྙན་ཐུང་“འབྲུ་ངོམ་སྟོན” མཉམ་འགུལ་རྣམ་པའི་ཤིང་འཛུགས་ལེ་ཚན། དྲ་ཐོག་ཚོང་དོན་ལས་སྟེགས“འབྲུ་ཚོང་ཁང”སོགས་ལས་སྒོ་གཅིག་ཏུ་བསྡུས་ཏེ་ཕྱོགས་མང་པོ་ནས་བོད་ལྗོངས་མི་རྣམས་ཀྱི་མིག་ལམ་དུ་བསྟན་ཡོད།

    “འབྲུའི་TV”ཞེས་པ་ལས་གཉེར་བྱེད་མཁན་ཕུན་ཚོགས་བསྟན་དར་གྱིས་འབྲུའི་TVཞེས་པ་ནི་ཚོགས་པའི་དཔལ་འབྱོར་ཞེས་པའི་ཐ་སྙད་སྤྱད་ནས་ལས་སྟེགས་རང་ངོས་ཀྱི་ནང་དོན་ལ་བརྟེན་ཏེ་སྤྱོད་མཁན་གྱི་བློ་འགུགས་ཐབས་བྱེད་པ་ཞིག་རེད། ནང་དོན་ཅི་སྟོན་པའི་ཐད་འབྲུའི་TVཡིས་ནང་སའི་ཐད་གཏོང་ལས་སྟེགས་ཕུལ་བྱུང་ལ་དཔེ་བལྟས་པ་དང་ཁོང་ཚོ་དང་སྤེལ་རེས་མཉམ་ལས་བྱས་ནས་རང་སོའི་ཁྱད་ཆོས་ལྡན་པའི་ལས་སྟེགས་ཀྱི་ནང་དོན་ཕུལ་དུ་བྱུང་བ་བསྟན་རྒྱུ་ཞེས་ངོ་སྤྲོད་བྱས།

 

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001368594411