བོད་ལྗོངས།
བོད་ལྗོངས་སློབ་ཆེན་གྱིས་མི་རིགས་རིག་ཚན་འཛུགས་སྐྱོང་གི་རིག་གཞུང་བསམ་བློའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

    ཉེ་ཆར། བོད་ལྗོངས་སློབ་ཆེན་གྱིས་མི་རིགས་རིག་ཚན་འཛུགས་སྐྱོང་དང་གྲགས་ཅན་བོད་རིག་པ་མཁས་ཅན་དགེ་རྒན་ཆེ་མོ་བ་དུང་དཀར་བློ་བཟང་འཕྲིན་ལས་མཆོག་སྐུ་བལྟམས་ནས་ལོ་90འཁོར་བར་དྲན་གསོ་ཞུ་བའི་རིག་གཞུང་བསམ་བློའི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་སློབ་ཆེན་གྱི་མི་རིགས་རིག་ཚན་འཛུགས་སྐྱོང་གི་ལོ་རྒྱུས་དེ་1951ལོར་གཉེར་འགོ་ཚུགས་པའི་ལས་བྱེད་པའི་བོད་ཡིག་གསོ་སྦྱོང་འཛིན་གྲྭ་བར་གཏུགས་ཆོག 1985ལོར་བོད་ལྗོངས་སློབ་ཆེན་དབུ་བརྙེས་ཤིང་། བོད་ཡིག་ཚན་ཁག་ལ་ཚད་མའི་སློབ་དཔྱོད་ཁང་བཙུགས་ནས་བོད་རིགས་ཀྱི་ཚད་མ་རིག་པ་དང་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་སོགས་ཀྱི་སློབ་ཚན་འཁྲིད་ཀྱི་ཡོད་པ་མ་ཟད། ཆབ་སྲིད་ལོ་རྒྱུས་ཚན་ཁག་ལ་མི་རིགས་ཆོས་ལུགས་ཀྱི་སློབ་དཔྱོད་ཁང་བཙུགས་ཏེ་གཙོ་བོ་སློབ་གྲྭ་ཡོངས་ལ་མི་རིགས་རིག་པ་དང་ཆོས་ལུགས་རིག་པའི་སློབ་ཚན་འཁྲིད་ཀྱི་ཡོད། སྐབས་དེ་དུས་དགེ་རྒན་ཆེ་མོ་བ་དུང་དཀར་བློ་བཟང་འཕྲིན་ལས་མཆོག་དགེ་རྒན་འཇོན་ཐང་ཅན་ཧ་ཅང་མང་པོ་ཡོད་པའི་གྲས་ཤིག་རེད།

    གསར་འགོད་པར་ཤེས་རྟོགས་བྱུང་བར། དགེ་རྒན་ཆེ་མོ་བ་དུང་དཀར་བློ་བཟང་འཕྲིན་ལས་མཆོག་སྐུ་བལྟམས་ནས་ལོ་90འཁོར་བར་དྲན་གསོ་ཞུ་ཆེད། བོད་ལྗོངས་སློབ་ཆེན་བོད་ལྗོངས་ཆོས་ལུགས་ཞིབ་འཇུག་དང་ཚན་ཞིབ་གསར་གཏོད་ཚོཌ་པས་ན་ནིང《གསང་འདུས་བསྐྱེད་རྫོཌ་དཀའ་གནད་གསལ་འགྲེལ》ལེགས་སྒྲིག་དང་། རྩོམ་སྒྲིག དག་འགྲེལ་བཅས་ཀྱི་ལས་དོན་ལེགས་གྲུབ་བྱས་པ་མ་ཟད་དེབ་དེའི་མ་དཔེ་ཡང་ལེགས་གྲུབ་ཟིན་ཡོད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001368712611