བོད་ལྗོངས།
2019ལོར་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་སློབ་མ་ལས་ཞུགས་ཐུབ་ཚད་92.87%ཟིན་པ།

    ལོ་གཉིས་བསྟུད་མར་རང་སྐྱོང་ལྗོངས་མཐོ་སློབ་ཀྱི་ཨང་དང་པོར་སླེབས་པ།

    ཉིན་ཤས་གོང་གསར་འགོད་པར་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་2019ལོའི་ལས་ཞུགས་ལས་གཏོད་ལས་དོན་གྱི་ཕྱོགས་སྡོམ་གཟེངས་བསྟོད་དང་2020ལོའི་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་གྱི་འགན་སྒྲུབ་དམ་བཅའི་ཚོགས་ཆེན་ཐོག་ནས་ཤེས་རྟོགས་བྱུང་བར། 2019ལོའི་སློབ་ཐོན་སློབ་མ་ཁྱོན་བསྡོམས་1684ཡོད་པ་དང་། འདི་ལོའི་ཟླ་9ཚེས་1ཉིན་བར་སློབ་མ་1564ལས་ཞུགས་ཐུབ་ནས་ཐོག་མར་ལས་ཞུགས་ཐུབ་ཚད་92.87%ཟིན་ཡོད། ལོ་ཕྱེད་སྔོན་ལ་ལྗོངས་ཏང་ཨུད་ཀྱིས་གཏན་འཁེལ་བྱས་པའི་ལོ་མཇུག་གོང་ལས་ཞུགས་དམིགས་ཚད་90%ཟིན་པ་བྱ་རྒྱུ་ལེགས་གྲུབ་བྱུང་བ་དང་། ལོ་གཉིས་བསྟུད་མར་རང་སྐྱོང་ལྗོངས་མཐོ་སློབ་ཀྱི་ཨང་དང་པོར་སླེབས་ཡོད། དེའི་ནང་ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་གི་སློབ་ཐོན་སློབ་མ་309ཡོད་པ་དང་། མིག་སྔར་སློབ་མ་293ལས་ཞུགས་ཐུབ་པ་དང་ལས་ཞུགས་ཐུབ་ཚད་94.82%ཟིན་ཡོད།

    བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་སློབ་གྲྭའི་ཏང་ཨུད་ཀྱི་ཨུ་ཡོན་སློབ་སྤྱི་གཞོན་པ་ཀྲོང་ཧྲེ་ཧུང་གིས། གོམ་སྟབས་རྗེས་མར་སློབ་གྲྭའི་ལས་ཞུགས་ལས་དོན་ཁྲོད་ཀྱི་གནད་དོན་ལ་དབྱེ་ཞིབ་ནན་ཏན་བྱས་ཏེ་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བའི་ལས་ཞུགས་རྣམ་པ་དང་འགྲན་སློང་ཆེན་པོར་ཁ་གཏད་གཅོག་རྒྱུ་དང་། སློབ་གྲྭས“སྤུས་འབོར་གཉིས་ལྡན་ཡོང་བའི་བྱ་སྤྱོད་ཀྱི་འཆར་གཞི”བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ། གཞི་རྩའི་བསམ་ཕྱོགས་ནི་ལས་ཞུགས་བྱེད་ཚད་90%ཡན་འགན་ལེན་བྱེད་པའི་སྔོན་འགྲོའི་འོག་ལས་ཀའི་གཙོ་གནད་དེ་ལས་ཞུགས་ཀྱི་སྤུས་ཚད་སྔར་བས་གོང་མཐོར་གཏོང་བའི་ཐོག་གཞན་སྒྱུར་བྱས་ནས་སློབ་གྲྭ་དེའི་སློབ་ཐོན་སློབ་མ་སྤུས་ཚད་མཐོ་བའི་སྒོ་ནས་ལས་ཞུགས་གང་ལེགས་ཐུབ་པ་དང་སློབ་གྲྭ་དེ་གའི་ལས་ཞུགས་ལས་དོན་གྱི་སྤུས་ཚད་ཚད་བརྒལ་ཐུབ་པ་དང་མཆོང་སྐྱོད་གསར་པ་ཡོང་བའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001386427881