བོད་ལྗོངས།
གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་ཀྱི་སྤྲིན་རྩིས་གྲངས་གཞི་ལྟེ་གནས་སང་ལོ་སྤྱོད་རྒྱུ་ཡིན་པ།

    ཉེ་དུས། གསར་འགོད་པས་བོད་ལྗོངས་ཉིང་སོན་ཚན་རྩལ་ཚོགས་པ་ནས་ཤེས་རྟོགས་བྱས་པར། ཀུང་སི་དེས་བསྐྲུན་པའི་གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་དང་བོད་ལྗོངས་ས་ཁུལ་ནས་ཆེ་ཤོས་ཡིན་པའི་སྤྲིན་རྩིས་གྲངས་གཞི་ལྟེ་གནས་རྣམ་གྲངས་ཀྱི་དུས་ཐེངས་དང་པོའི་དུས་མཚམས་དང་པོའི་འཆར་གཞི་སྡོད་ཁང་སྟར་པ་གཉིས་དང་གྲངས་གཞིའི་བཀོལ་སྤྱོད་བདག་སྐྱོང་ཁང་ཆེན། འཕྲུལ་ཁང་ཆེན་པོ་བཅས་བསྐྲུན་ཟིན་པ་དང་། སྔོན་རྩིས་ལྟར་ན། 2020ལོར་འཕྲུལ་ཁང་གི་དཔེ་རྣམ་21དང་འཕྲུལ་སྒྲོམ་2520བསྐྲུན་ནས་ཚོད་ལྟ་འཁོར་སྐྱོད་བྱ་རྒྱུ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། བོད་ཀྱི་སྤྲིན་རྩིས་གྲངས་གཞི་ལྟེ་གནས་རྣམ་གྲངས་ལས་གྲྭ་དེ་དུས་ཐེངས་གསུམ་ལ་ཕྱེ་ནས་བསྐྲུན་རྒྱུ་ཡིན་པ་དེས། ས་ཁྱོན་སྨི་ངོས་གྲུ་ཁྲི་64.5ཙམ་བཟུང་ཡོད་ཞིང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་118བཏང་ནས་བོད་ཀྱི་གྲངས་གཞི་ལྟེ་གནས་རྨང་གཞིར་བྱེད་པ་དང་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་བོད་ཀྱི་ཁུལ་ཁུངས་ཐོན་ཁུངས་ལེགས་ཆ་སྤྱད་དེ་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་རྒྱལ་སྤྱིའི་གྲངས་གཞི་འགག་སྒོ་ཅུས་སྐྲུན་པ་དང་འབྲེལ། ནེ་པ་ལ་དང་། བྷང་ག་ལ། ཕ་ཁི་སི་ཐན། རྒྱ་གར་སོགས་ཨེ་ཤེ་ཡ་ལྷོ་མ་དང་དེ་བཞིན་ཨེ་ཤེ་ཡ་ཤར་ལྷོའི་མི་འབོར་དུང་ཕྱུར་20ཡི་ཁྲོམ་རར་ཕྱོགས་ནས་རང་རྒྱལ་གྱི“ཕྱིར་སྐྱོད་པའི”ཁེ་ལས་ལ་འབྲེལ་ཡོད་རྒྱལ་ཁབ་ཀྱི་ལས་སྒོར་བདེ་འཇགས་དང་། དུས་ཐོག ཕན་ཆེ་བཅས་ཀྱི་གྲངས་གཞིའི་རྩིས་རྒྱག་དང་། ཉར་ཚགས་ཞབས་འདེགས་མཁོ་འདོན་དང་། ཧི་མ་ལ་ཡ་སྒྲོལ་བའི་ཕྱོགས་བསྡུས་མཉམ་སྦྲེལ་མཉམ་མཐུད་དྲ་རྒྱ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཀྲུང་གོ་དང་ནེ་པ་ལའི་མཉམ་སྦྲེལ་མཉམ་མཐུད་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་མཚོ་བོད་ས་མཐོའི་གོ་ལ་ཧྲིལ་པོའི་རིན་ཐང་འདོན་སྤེལ་ལ་སྐུལ་འདེད་གཏོང་རྒྱུ་རེད།

    “ང་ཚོས་དུས་ཐེངས་དང་པོའི་དུས་མཚམས་དང་པོའི་རྣམ་གྲངས་སྤྱད་རྗེས། དུས་ཐེངས་དང་པོའི་དུས་མཚམས་གཉིས་པའི་ལས་གྲྭ་མགྱོགས་མྱུར་བསྐྲུན་ཏེ། ཁྱོན་མ་དངུལ་སྒོར་དུང་ཕྱུར་11.2ཙམ་བཏང་ནས་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་4.5ཡི་ལས་གྲྭ་བསྐྲུན་རྒྱུ་དང་། འཕྲུལ་སྒྲོམ་7000ལྷག་ཙམ་ཇུས་འགོད་བྱེད་ཀྱི་ཡིན། ཀུང་སིས་ཨེ་ཤེ་ཡ་ལྷོ་མའི་རྒྱལ་སྤྱིའི་གྲངས་འཛིན་དཔལ་འབྱོར་ཞབས་འདེགས་ལ་ཁ་ཕྱོགས་རྒྱུ་མ་ཟད། ད་དུང་2020ལོའི་དཔྱིད་གསར་དུས་ཆེན་དུ་དངོས་སུ་སྐྲུན་གྱི་ཡིན”ཞེས་ཚོགས་པའི་འགན་འཁུར་བ་ཅང་ཉིང་གིས་བཤད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001386687241