བོད་ལྗོངས།
“སློབ་འགོ་ཚུགས་པའི་སློབ་ཚན་དང་པོ”དེ་བོད་ལྗོངས་སློབ་གསོའི་ཇོ་རིའི་ཁོངས་གཏོགས་ཀྱི་སྤྲིན་ཚོགས་ལས་སྟེགས་སུ་འཚོགས་པ།

    ང་ཚོ་དྲ་ཐོག་ནས“སློབ་འགོ”ཚུགས་ཐུབ་སོང་།

    འདི་ནི་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་འཕྱོངས་རྒྱས་གྲོང་རྡལ་སློབ་ཆུང་གི་སློབ་མས་དྲ་ཐོག་སློབ་གསོའི་ལས་སྟེགས་སྤྱད་ནས་སློབ་སྦྱོང་བྱེད་བཞིན་པ།

    “སློབ་གྲོགས་ཚོ། མ་གཞི་ནག་པང་བརྙན་ཤེལ་ལ་སྒྱུར་བ་དང་། སློབ་ཁང་དེབ་ཁང་ལ་སྒྱུར་ཡོད། འོན་ཀྱང་དམིགས་བསལ་དུས་སྐབས་འདིར་འཚོགས་པའི‘སློབ་འགོ་ཚུགས་པའི་སློབ་ཚན་དང་པོ’དེས་ང་ཚོའི་སློབ་དུས་གསར་པར་དམིགས་བསལ་གྱི་བསམ་པའི་རྒྱགས་ཕྱེ་ཞིག་སྣོན་སྲིད་ལ། དེ་ཡང་ང་ཚོའི་མི་ཚེ་གང་པོའི་ཆེས་བརྗེད་པར་དཀའ་བའི་དྲན་ཤེས་ཤིག་ལའང་གྱུར་སྲིད” ཟླ་3ཚེས་5ཉིན་རང་སྐྱོང་ལྗོངས་སློབ་གསོ་ཐིང་བསམ་བློ་ཆབ་སྲིད་ཁྲུའི་ཁྲུའུ་ཀྲང་གཞོན་པ་རྣམ་སྒྲོན་གྱིས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་དགེ་སློབ་ཡོངས་ལ་རང་ལྗོངས་ཀྱི་2020ལོའི་དཔྱིད་ཀའི་སློབ་དུས་ཀྱི“སློབ་འགོ་ཚུགས་པའི་སློབ་ཚན་དང་པོ”སྟེ《འཕྲིན་ལན་སློབ་སྦྱོང་བྱས་ཏེ་ཏང་གི་བཀའ་དྲིན་ཚོར་བར་བྱེད》ཅེས་པ་སློབ་ཁྲིད་བྱས་པ་རེད།

    སློབ་གཞི་དེ་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་སྒྲིག་བཟོ་འོས་སྦྱོར་བྱས་ཤིང་། ཟླ་3ཚེས་5ཉིན་གྱི་ཆུ་ཚོད་10པ་ནས་བཟུང་། བོད་ལྗོངས་སློབ་གསོའི་ཇོ་རིའི་ཁོངས་གཏོགས་ཀྱི་སྤྲིན་ཚོགས་ལས་སྟེགས་ཐོག་དངོས་སུ་འཚོགས་པ་རེད། བོད་ལྗོངས་སློབ་གསོའི་ཇོ་རིའི་ཁོངས་གཏོགས་ཀྱི་སྤྲིན་ཚོགས་ལས་སྟེགས(www.xzeduc.cn)ཁ་ཕྱེ་ནས“བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཞེས་པའི་འཇུག་སྒོ་ནས་ཐད་ཀར་ལྟ་ཐུབ་པའམ་ཡང་ན། སློབ་གསོ་ཐིང་གི་དྲ་ཚིགས་གཙོ་བོ(edu.xizang.gov.cn)ཡི་ནང་འཛུལ་ཏེ་འགུལ་སྐྱོད་བརྙན་ལམ་ཐད་ཀར་བསྣན་ཚེ་བརྙན་ལམ་ལྟ་ཐུབ། སློབ་ཁྲིད་ཀྱི་ནང་དོན་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། སློབ་སྦྱོང་གི་དུས་ཚོད་ལ་གཅེས་སྤྲས། དཔའ་བོའི་མཛད་རྗེས་ལ་སློབ་སྦྱོང་། ཕུགས་བསམ་དང་དད་སེམས་བརྟན་གཏོང་། ཁྱིམ་ཚང་དང་རྒྱལ་ཁབ་ལ་བརྩེ་སེམས་འཆང་བ་སོགས་ཚུད་ཡོད་པ་རེད།

    རྣམ་སྒྲོན་གྱིས་གསར་འགོད་པར་དྲ་ཐོག་སློབ་ཁྲིད་ནི་དགེ་རྒན་དང་སློབ་མའི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོང་བྱས་ནས། རིམས་ནད་ཀྱིས་སློབ་སྦྱོང་ལ་ཤུགས་རྐྱེན་ཕོག་ཚད་ཆུང་དུ་གཏོང་ཆེད་སྤྱད་པའི“རིམས་ནད་འགོག་རྒོལ”དམག་འཐབ་ཀྱི་འཕྲལ་སྡོམ་བྱེད་ཐབས་ཤིག་རེད་ཅེས་བརྗོད།

    “‘སློབ་འགོ་ཚུགས་པའི་སློབ་ཚན་དང་པོ’དྲ་ཐོག་ནས་དངོས་སུ་འཚོགས་པ་དེ་ཐོག་ནས་རང་ལྗོངས་སུ་སློབ་འགོ་ཚུགས་པའི་དུས་ཚོད་ནར་འགྱངས་གཏོང་རིང་གི་དྲ་ཐོག་སློབ་གསོ་སློབ་ཁྲིད་ཀྱི་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ་མཚོན་ཡོད། ང་ཚོས་བོད་ལྗོངས་སློབ་གསོའི་ཇོ་རིའི་ཁོངས་གཏོགས་ཀྱི་སྤྲིན་ཚོགས་ལས་སྟེགས་བརྒྱུད། སློབ་མ་ཚོར་རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་སློབ་གསོ་སློབ་ཁྲིད་ཀྱི་ཐོན་ཁུངས་ཡག་པོ་ཞིག་མཁོ་འདོན་བྱས་ཡོད། བོད་ལྗོངས་སློབ་གསོའི་ཇོ་རིའི་ཁོངས་གཏོགས་ཀྱི་སྤྲིན་ཚོགས་ལས་སྟེགས་དེ་ཀྲུང་གོ་སློབ་གསོའི་བརྙན་འཕྲིན་ལས་ཁུངས་ཀྱི་འཕྲིན་ལམ་4པ་དང་། རྒྱལ་ཁབ་སློབ་གྲྭ་འབྲིང་ཆུང་གི་དྲ་རྒྱའི་སྤྲིན་ཚོགས་ལས་སྟེགས། མཐོ་སློབ་དྲ་ཐོག་སོགས་དྲ་ཐོག་ཐོན་ཁུངས་ལ་རིན་མེད་ངང་ཕྱེ་ཡོད། སློབ་མ་གནས་སའི་སློབ་གྲྭའི་འཛིན་གྲྭས་ཀྱང་དྲ་རྒྱ་དང་། སྐད་འཕྲིན་ཚོགས་པ། ཁ་པར་སོགས་བྱེད་ཐབས་སྣ་མང་བརྒྱུད་ཚང་མ་ཁྱིམ་དུ་བསྡད་ནས་སློབ་སྦྱོང་བྱ་རྒྱུར་ཁྲིད་སྟོན་བྱས་ཡོད། ས་གནས་ཁག་གི་སློབ་གསོ་སྡེ་ཚན་དང་། སློབ་གྲྭ དགེ་རྒན་བཅས་ཀྱིས་སློབ་མ་ཚོ་དང་མཉམ་དུ་དཀའ་སྤྱད་འབད་འཐབ་ཀྱིས་ཚང་མ་མཉམ་དུ་དམིགས་བསལ་དུས་སྐབས་ཀྱི་སློབ་སྦྱོང་གི་ལས་འགན་ལེགས་གྲུབ་བྱེད་རོགས་བྱེད་ངེས་རེད”ཅེས་རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་སྐོར་ཞིབ་པ་གཞོན་པ་ཧུའུ་ཀྲེ་གོ་ཡིས་བརྗོད། ཁོང་གིས“སློབ་འགོ་ཚུགས་པའི་སློབ་ཚན་དང་པོ”བརྒྱུད། ལྗོངས་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་དགེ་སློབ་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་དང་བྱམས་བརྩེའི་ཐུགས་ཁུར་བློ་ལ་བརྟན་པོར་འཆང་རྒྱུར་སློབ་གསོ་ཁྲིད་སྟོན་གྱིས། “སློབ་སྦྱོང་གི་དུས་ཚོད་ལ་གཅེས་སྤྲས”བྱེད་པའི་དྲིན་ཚོར་བ་དང་། “ཉམས་སད་ཐེག་ཐུབ་པའི་འཇོན་ཐང་སྦྱོང་མཁན”གྱི་སློབ་སྦྱོང་བ། “མི་དམངས་ཀྱི་དགོས་མཁོ་ཆེ་ཤོས་ཀྱི་སར་སྐྱོད་མཁན”གྱི་རྒྱལ་ཁབ་ལ་དྲིན་ལན་འཇལ་མཁན་བཅས་བྱ་རྒྱུའི་རེ་བ་ཡོད་ཅེས་བརྗོད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001388580491