བོད་ལྗོངས།
བོད་ཀྱི་སྤྱི་པའི་རྐང་རྩེད་སྤོ་ལོའི་ཐང་འཛུགས་སྐྲུན་གྱི་མཛུབ་ཁྲིད་དམིགས་ཚད་ལེགས་སྒྲུབ་ཟིན་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ།

    འདི་ནི་ལྷ་ས་གྲོང་ཁྱེར་གྱི་དམངས་ཡོངས་ལུས་སྦྱོང་གི་ལུས་རྩལ་རྒྱན་ཤོག་སྤྱི་གླིང་དུ་གྲོང་མིས་རྐང་རྩེད་སྤོ་ལོ་རྒྱག་པའི་གནས་ཚུལ་ཡིན་པ།

    ཉེ་ཆར་གསར་འགོད་པས་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱས་པར། 2019ལོའི་ཟླ་12བར་བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ནང་གི་སྤྱི་པའི་རྐང་རྩེད་སྤོ་ལོའི་ཐང་ཁྱོན་བསྡོམས་170བསྐྲུན་པ་དང་མཛུབ་ཁྲིད་ཀྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱེད་ཚད་206.9%ཟིན་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”ལས་འགན་ཚད་བརྒལ་ལེགས་གྲུབ་བྱུང་ཡོད།

    བོད་རང་སྐྱོང་ལྗོངས་ལུས་རྩལ་ཐོན་ལས་དང་སྒྲིག་བཀོད་གསར་སྤེལ་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཡའོ་ཤེའུ་ཧྥུའུ་ཡིས། བོད་ཀྱི་མང་ཚོགས་དང་ལྷག་དོན་དུ་ཞིང་འབྲོག་མང་ཚོགས་ཀྱིས་སྤྱི་པའི་ལུས་རྩལ་སྒྲིག་བཀོད་ཀྱི་ཞབས་ཞུ་ལོངས་སྤྱོད་ཐུབ་པ་དང་བོད་ལྗོངས་ས་མཐོའི་ཁྱད་ལྡན་ལུས་རྩལ་བྱ་གཞག་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་ཁྲི་53983བཏང་བའི་ནང་སྤྱི་པའི་རྐང་རྩེད་སྤོ་ལོའི་ཐང་244(དེའི་ནང་ཚད་ལྡན་གྱི་རྐང་རྩེད་སྤོ་ལོའི་ཐང་52དང་རྐང་རྩེད་སྤོ་ལོའི་ཐང་ཆུང་གྲས་192)བསྐྲུན་རྩིས་ཡོད་པ་དང་རྫོང་དང་ཆུས་62ལ་ཁྱབ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    “ལོ་ལྔ་ཚན་བཅུ་གསུམ་པའི”སྤྱི་པའི་ལུས་རྩལ་སྒྲིག་བཀོད་འཛུགས་སྐྲུན་བརྒྱུད་ལྗོངས་ཡོངས་ཀྱི་སྤྱི་པའི་ལུས་རྩལ་ཞབས་ཞུའི་སྒྲིག་བཀོད་གཞི་རྩའི་ཆ་ནས་ཁྱོན་ཡོངས་ལ་ཁྱབ་པ་དང་གྲོང་ཁྱེར་སྡེ་ཁུལ་གྱི་སྐར་མ་བཅོ་ལྔའི་ལུས་སྦྱོང་འཁོར་རྒྱ་དང་གསར་དུ་བསྐྲུན་པའི་སྡེ་ཁུལ་ལུས་རྩལ་སྒྲིག་བཀོད་ཁྱབ་ཚད་100%ཟིན་པ་བྱ་རྒྱུ་གཞི་རྩའི་ཆ་ནས་མངོན་འགྱུར་ཐུབ་སྟེ་གྲོང་ཁྱེར(ས་ཁུལ)གནས་སའི་གྲོང་ཁུལ་དུ་རྐང་རྩེད་སྤོ་ལོའི་ཐང་རེ་དང་ལུས་རྩལ་ཁང་རེ་ཡོད་པའི་འགན་ལེན་བྱས་ལ། ཆ་རྐྱེན་ཡོད་རིགས་ཀྱིས་རྐང་རྩེད་སྤོ་ལོའི་ཐང་མང་པོ་དང་ལུས་རྩལ་ཁང་མང་པོ་ཡོད་པ་བྱས་ནས་རྫོང་རིམ་པའི་གྲོང་ཁྱེར་དུ་དམངས་ཡོངས་ལུས་སྦྱོང་བྱེད་སྒོ་ལྟེ་གནས་ཡོད་པ་དང་རྫོང་ཚང་མར་རྐང་རྩེད་སྤོ་ལོའི་ཐང་རེ་ཡོད་པའི་འགན་ལེན་ཡང་བྱས་ཡོད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001390656101