བོད་ལྗོངས།
ཁྲེང་ཀོན་ཆུས་མི་སྤྱི་ཅུས་ཀྱིས་ཐབས་མང་མཉམ་སྤྱོད་ཀྱིས་ལས་ཞུགས་བརྟན་པོ་ཡོང་རྒྱུ་དང་ལས་གཏོད་ལ་སྐུལ་འདེད་བཏང་བ།

    ཉེ་ཆར། གསར་འགོད་པར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་སྤྱི་ཅུས་ནས་ཤེས་རྟོགས་བྱུང་བར། འདི་ལོ་ཚུན་དུ། ཁྲེང་ཀོན་ཆུས་ཀྱིས“ལས་ཞུགས་བརྟན་པོ་དང་། ལས་གཏོད་ལ་སྐུལ་འདེད། རྩལ་ནུས་ལ་མཐོང་ཆེན། རྨང་གཞི་བརྟན་གཏོང”བཅས་ཀྱི་གཙོ་རྐང་ལ་དམ་པོར་དམིགས་ནས། ལས་ཞུགས་ལས་གཏོད་ཀྱི་གཟིགས་སྐྱོང་སྲིད་ཇུས་ཁག་དོན་འཁྱོལ་ནན་ཏན་བྱས་པས། ཁོངས་གཏོགས་ཁུལ་གྱི་ལས་ཞུགས་གནས་ཚུལ་ལེགས་སུ་ཕྱིན་ཡོད་པ་རེད།

    ཁྲེང་ཀོན་ཆུས་ཀྱིས“དྲ་ཐོག་དང་དྲ་མིན”ཟུང་དུ་འབྲེལ་བའི་ཕྱོགས་གཉིས་མཉམ་འབྲེལ་ལས་མི་བསྡུ་བའི་ཐབས་ལམ་གསར་གཏོད་བྱས་ནས། དྲ་ཐོག་ཏུ་ལས་ཞུགས་ཀྱི་དགོས་མཁོ་ཞུ་བ་དང་། དྲ་ཐོག་ཏུ་ལས་ཞུགས་ལས་གནས་འཚོལ་བ། དྲ་ཐོག་ཏུ་ལས་ཞུགས་ཞབས་ཞུ་སྒྲུབ་པ་བཅས་ཀྱི་དྲ་ཐོག་ཞབས་འདེགས་ཞུས་ཡོད་པ་རེད། ཁྲེང་ཀོན་ཆུས་ཀྱིས་དྲ་ཐོག“དཔྱིད་རླུང་བྱ་སྤྱོད། ཁྱེད་རང་ལས་གནས་འཚོལ་བར་ཕེབས”ཞེས་པའི་འཁྱུག་དབྱིངས་དྲ་རྒྱའི་ཐད་གཏོང་ལས་མི་བསྡུ་བའི་འདུ་ཚོགས་གཉེར་ནས། ཁེ་ལས་24དེའི་ནང་ཞུགས་རྒྱུའི་སྒྲིག་འཛུགས་བྱས་པ་དང་། ས་གནས་ས་ཐོག་ཏུ་ལས་གནས་305མཁོ་འདོན་བྱས་ཤིང་། ཐད་གཏོང་དུས་ཚོད་ཆུ་ཚོད་3དང་སྐར་མ་3དང་། ལྟད་མོ་ལྟ་མཁན་མི་ཐེངས་ཁྲི་2.1 མིང་ཐོ་འགོད་མཁན་མི་གྲངས་2810 ལས་སྟེགས་སུ་ལོ་རྒྱུས་སྟབས་བདེ་བསྐུར་ཐེངས་13456བཅས་ཟིན་པ་དང་། མིག་སྔར། ལས་མི་བསྡུ་བའི་ངོ་རྒྱུགས་སོགས་ཀྱི་འབྲེལ་ཡོད་ལས་དོན་གོ་རིམ་ལྡན་པའི་ངང་སྒྲིག་འཛུགས་བྱེད་བཞིན་ཡོད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001391516831