བོད་ལྗོངས།
ཧུའུ་པེས་ཐེམ་ཁུངས་ལྷོ་ཁ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ཧུའུ་པེར་ལས་ཞུགས་ཐུབ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ།

    བྱ་གཞག་ཚན་པའི་ལས་གནས་20དང་ཁེ་ལས་ཀྱི་ལས་གནས་400མང་དུ་གཏོང་རྒྱུ་ཡིན་པ།

    ཉེ་ཆར། གསར་འགོད་པར་ཧུའུ་པེ་ཞིང་ཆེན་མི་སྤྱི་ཐིང་ནས་ཤེས་རྟོགས་བྱུང་བར། འདི་ལོ་ཧུའུ་པེ་ཞིང་ཆེན་གྱིས་ལས་ཞུགས་བོད་སྐྱོར་གྱི་བྱ་གཞག་ཚན་པའི་ལས་གནས་20ནས་40བར་དང་ཁེ་ལས་ཀྱི་ལས་གནས་100ནས་500བར་མང་དུ་བཏང་སྟེ། ཐེམ་ཁུངས་ལྷོ་ཁ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ཧུའུ་པེར་ལས་ཞུགས་ཐུབ་རྒྱུར་རྒྱབ་སྐྱོར་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། དེ་དང་དུས་མཚུངས། འདི་ལོ་མུ་མཐུད་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མར་ཕྱོགས་ནས“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་མི་སྣ་བསྡུ་རྒྱུ་དང་ཡིག་རྒྱུགས་ཐོག་སྐར་མ་3སྣོན་པའི་སྲིད་ཇུས་ཀྱི་གཟིགས་སྐྱོང་བྱ་རྒྱུ་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཧུའུ་པེ་ཞིང་ཆེན་གྱིས་ལས་ཞུགས་བོད་སྐྱོར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་། ལས་ཞུགས་བོད་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ལས་ཞུགས་བོད་སྐྱོར་ལམ་སྲོལ་འཚོལ་ཞིབ་ཧུར་ཐག་བྱས་ཤིང་། ན་ནིང་ཟླ་12པར། ཧུའུ་པེ་ཞིང་ཆེན་མི་སྤྱི་ཐིང་གིས་ལྷོ་ཁ་གྲོང་ཁྱེར་མི་སྤྱི་ཅུས་དང་ལས་ཞུགས་བོད་སྐྱོར་སྒྲོམ་གཞིའི་གྲོས་མཐུན་བཞག་ནས་ཐེམ་ཁུངས་ལྷོ་ཁ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ཧུའུ་པེར་ལས་ཞུགས་བྱ་རྒྱུར་རྒྱབ་སྐྱོར་བྱེད་པའི་ཐད་ཀྱི་འབྲེལ་ཡོད་ཞིབ་ཕྲའི་བྱ་ཐབས་ལ་གྲོས་བསྡུར་བྱས་པ་རེད། ལས་ཞུགས་ལས་གནས་མང་དུ་གཏོང་རྒྱུ་ནི་སྒྲོམ་གཞི་དེའི་གྲོས་མཐུན་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ཤིག་ཡིན་པས་གོམ་སྟབས་རྗེས་མར། ཧུའུ་པེ་ཞིང་ཆེན་གྱིས་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ནང་སར་ལས་ཞུགས་ལས་དར་ཐུབ་པའི་ཐབས་ལམ་སྔར་བས་རྒྱ་ཆེར་བཏང་ནས་ས་གནས་གཉིས་པོའི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་རྒྱུ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001391723371