བོད་ལྗོངས།
བོད་རང་སྐྱོང་ལྗོངས་ཀྱི་ཤེས་ལྡན་མི་སྣའི་ཐང་ཆེན་སྔོན་རྩིས་བྱས་ན་ལོ་མཇུག་ཏུ་སྤྱོད་འགོ་ཚུགས་རྒྱུ་ཡིན་པ།

    ཉིན་ཤས་བསྟུད་མར། རང་སྐྱོང་ལྗོངས་ཤེས་ལྡན་མི་སྣའི་ཐང་ཆེན་འཛུགས་སྐྲུན་རྣམ་གྲངས་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་ཁྲོམ་ར་དོ་དམ་ཞབས་ཞུ་ལྟེ་གནས་ཀྱི་སྒོ་རའི་ནང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་དང་མིག་སྔའི་བར་རྣམ་གྲངས་ཀྱི་འཕེལ་རིམ་ཧྲིལ་པོའི་30%ལེགས་སྒྲུབ་ཟིན་པ་དང་སྔོན་རྩིས་བྱས་ན་འདི་ལོའི་ལོ་མཇུག་ཏུ་བསྐྲུན་ཟིན་པ་བྱས་ནས་སྤྱོད་འགོ་ཚུགས་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེའི་ཨར་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་5097.84ཡོད་པ་དང་ཁྱོན་མ་དངུལ་སྒོར་ཁྲི་2900བཏང་བ་དེར་རིག་ལྡན་ཅན་གྱི་ལས་བསྡུའི་ལས་སྟེགས་200བཙུགས་པ་དང་དེ་བཞིན་རྒྱང་ཁྲིད་ལས་བསྡུ་ཁང་དང་། ལས་འཚོལ་གྲོས་མོལ་དང་ལས་ཞུགས་མཛུབ་ཁྲིད་ཁང་། ལད་མོའི་ངོ་འཕྲད་རྒྱུགས་ལེན་སོགས་ཡོད། དེ་བསྐྲུན་རྗེས“དྲ་ཐོག་དང་དྲ་ཕྱི”གཉིས་ཀྱི་ལས་བསྡུའི་རྣམ་པར་སྐུལ་མ་ཐེབས་ནས་ལས་ཀ་འཚོལ་མཁན་དང་མི་སྤྱོད་ཁེ་ལས་དབར་གྱི་བར་ཐག་ཉེ་རུ་ཕྱིན་ཏེ་མཁོ་སྤྲོད་ཕྱོགས་གཉིས་ཀར་དེ་བས་སྟབས་བདེ་དང་དེ་བས་སྤུས་ལེགས་ཀྱི་ལས་ཞུགས་ལས་སྟེགས་མཁོ་འདོན་བྱ་རྒྱུ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001392257071