བོད་ལྗོངས།
བོད་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ཐོག་མའི་ལས་ཞུགས་ཐུབ་ཚད་ན་ནིང་གི་དུས་མཚུངས་ལས་བརྒལ་བ།

    ཉེ་ཆར་གསར་འགོད་པར་2020ལོའི་ལྗོངས་ཡོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་སྐུལ་གཏོང་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། མིག་སྔར་རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད་པས་ཐོག་མའི་ལས་ཞུགས་ཐུབ་ཚད་ན་ནིང་གི་དུས་མཚུངས་ལས་བརྒལ་ཡོད་པ་རེད།

    རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་ཐིང་ཀྲང་ཉི་མ་ཚེ་རིང་གིས། འདི་ལོ་ཚུན་དུ་རང་ལྗོངས་སུ་མཐོ་སློབ་སློབ་ཐོན་སློབ་མར་འཚམ་པའི་ལས་གནས་ཁྲི་6ལྷག་ཙམ་གསར་སྤེལ་བྱས་ཡོད་པ་རེད། ལྗོངས་ཡོངས་ཀྱི་ལས་ཞུགས་རྣམ་པའི་ཐོག་ནས་བལྟས་ཚེ་རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མར་འཚམ་པའི་ལས་གནས་བསྡོམས་འབོར་འདང་ངེས་ཡོད་པས་སྔོན་རྩིས་ལྟར་ན་ཟླ་8པའི་ཟླ་མཇུག་ཏུ་རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ཐོག་མའི་ལས་ཞུགས་ཐུབ་ཚད་70%ཡན་ཟིན་རྒྱུ་རེད་ཅེས་བཤད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001392314301