བོད་ལྗོངས།
བོད་ལྗོངས་ལ་ཚན་རྩལ་པུའི་གཙོ་གནད་ཆེད་དོན་རྣམ་གྲངས་ཀྱི་མ་དངུལ་སྒོར་ཁྲི་2800རག་པ།

    ཉིན་ཤས་གོང་། གསར་འགོད་པར་རང་སྐྱོང་ལྗོངས་ཚན་རྩལ་ཐིང་ནས་ཤེས་རྟོགས་བྱུང་བར། རང་ལྗོངས་ལ་ཚན་རྩལ་པུའི“ཚན་རྩལ་གྱིས་དཔལ་འབྱོར་ལ་འདེཌ་སྐྱོར་བྱེད་པའི་2020ལོའི”གཙོ་གནད་ཆེད་དོན་རྣམ་གྲངས་ཀྱི་མ་དངུལ་སྒོར་ཁྲི་2800རག་ཅིང་། རྣམ་གྲངས་དེར་ཞིང་ལས་དང་། སྐྱེ་དངོས་གསོ་རིག་དང་ཚེ་སྲོག་བདེ་ཐང་། ཐོན་ཁུངས་དང་ཁོར་ཡུག ཆ་འཕྲིན་ལག་རྩལ། བཟོ་སྐྲུན་ལས་རིགས། ནུས་རྒྱུ་དང་རྒྱུ་ཆ་གསར་པ་བཅས་ཁྱབ་ཁོངས་7ཚུད་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཟླ་3པར་ཚན་རྩལ་པུས་རྒྱལ་ཁབ་ཀྱི་གཙོ་གནད་ཞིབ་སྤེལ་འཆར་གཞིའི“ཚན་རྩལ་གྱིས་དཔལ་འབྱོར་ལ་འདེགས་སྐྱོར་བྱེད་པའི་2020ལོའི”གཙོ་གནད་ཆེད་དོན་རྣམ་གྲངས་ལག་བསྟར་བྱེད་འགོ་ཚུགས་ནས“ཁྲོམ་རའི་བཀོལ་སྤྱོད་ཀྱི་མདུན་ལམ་ལེགས་པ་དང་། ལག་བསྟར་དུས་ཡུན་ཐུང་བ། ཕན་འབྲས་ཐོན་མགྱོགས་པ། གོ་རིམ་སྟབས་བསྡུས་ལ་ཚད་དང་མཐུན་པ། ཐོན་སྐྱེད་སླར་གསོ་དང་ལས་འགོ་བསྐྱར་འཛུགས་ལ་ཐད་ཀའི་སྐུལ་ཁྲིད་ཀྱི་ནུས་པ་ཐོན་པ”སོགས་ཀྱི་གཙོ་གནད་ཀྱི་ཆེད་དོན་རྣམ་གྲངས་འོས་སྦྱོར་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001392314691