བོད་ལྗོངས།
2020ལོའི“ཚན་རྩལ་བྱེད་སྒོའི་གཟའ་འཁོར”དང་ཚན་རྩལ་གཤམ་སྤེལ་གྱི་གཅིག་སྡུད་ཞབས་ཞུའི་བྱེད་སྒོ་འགོ་ཚུགས་པ།

    ཉེ་ཆར་ལྗོངས་ཚན་རྩལ་ཐིང་དང་། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ། ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། ལྗོངས་ཚན་རིག་ལག་རྩལ་མཐུན་ཚོགས་སོགས་ཚན་པས་མཉམ་དུ་སྤེལ་བའི་2020ལོའི“ཚན་རྩལ་བྱེད་སྒོའི་གཟའ་འཁོར”དང་ཚན་རྩལ་གཤམ་སྤེལ་གྱི་གཅིག་སྡུད་ཞབས་ཞུའི་བྱེད་སྒོ་ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་དུ་སྤེལ་བ་རེད།

    འདི་ལོའི་འགོ་ཚུགས་མཛད་སྒོ་དང་ཞབས་ཞུའི་བྱེད་སྒོར“ཚན་རྩལ་རིམས་འགོག གསར་གཏོད་སྐུལ་གཏོང”བརྗོད་དོན་གཙོ་བོར་བྱས་པ་དང་བྱེད་སྒོའི་ནང་དོན་གཙོ་བོའི་གྲས་སུ། རང་སྐྱོང་ལྗོངས་ཀྱི“ཚན་རྩལ་བྱེད་སྒོའི་གཟའ་འཁོར”གྱི་ལོ་ངོ་20འཁོར་བའི་བྱེད་སྒོའི་བརྒྱུད་རིམ་ལ་ཕྱིར་དྲན་དང་། མཚོ་བོད་ས་མཐོའི་ཚན་རིག་རྟོག་ཞིབ་ཞིབ་འཇུག་བྱེད་ཐེངས་གཉིས་པ། ནས་དང་། འབྲི་གཡག གཟན་རྩྭ་སོགས་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་འགྲེམས་སྟོན། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་ཚན་རྩལ་གྱིས་ཐོན་པའི་ནུས་པ་གལ་ཆེན་དྲིལ་བསྒྲགས། ཚན་རིག་ཁྱབ་གདལ་གྱི་ཤེས་བྱ་དྲིལ་བསྒྲགས། ཚོད་ལྟའི་ངོམ་སྟོན། ལག་རྩལ་གསོ་སྦྱོང་། སློབ་གྲྭ་དང་དགོན་སྡེར་ཚན་རིག་ཁྱབ་གདལ་གཏོང་བ་སོགས་ཚུད་ཡོད།

    བསྡོམས་རྩིས་བྱས་པར་གཞིགས་ན། བྱེད་སྒོར་རིམ་རྩིས་བྱས་ན་དྲིལ་བསྒྲགས་དཔྱད་ཡིག་6000ལྷག་ཙམ་སྤྲད་པ་དང་། ཚན་རིག་ཁྱབ་གདལ་དང་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་ཐེངས་20ལྷག་ཙམ་སྤེལ་བ། མང་ཚོགས་800ལྷག་ཙམ་ལ་སྨན་རིན་མི་དགོས་པར་སྨན་བཅོས་དང་གཟུགས་པོར་བརྟག་དཔྱད་བྱས་པ། རིན་ཐང་སྒོར་ཁྲི་6ལྷག་ཙམ་རི་བའི་རིམས་འགོག་ཡོ་ཆས་དང་སྨན་རྫས་སྤྲད་པ། ཚན་རིག་ཁྱབ་གདལ་གྱི་བྱེད་སྒོ་ཁང་7སྐྲུན་རོགས་བྱས་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001393485011