བོད་ལྗོངས།
ཏིང་ཡེ་ཤན་གྱིས་རང་སྐྱོང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

    ཚེས་7ཉིན་རང་སྐྱོང་ལྗོངས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོགས་ཏེ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་གནང་བའི་མཛུབ་སྟོན་བླང་བྱ་དང་མཐོ་སློབ་སློབ་ཐོན་སློབ་མ་འོད་ཟེར་ཆོས་སྒྲོན་དང་ཟླ་བ་ལྷ་མོར་སྤྲིངས་པའི་འཕྲིན་ལན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ། གནད་དོན་དབྱེ་ཞིབ་དང་། ཉམས་མྱོང་ཕྱོགས་སྡོམ། ལས་དོན་བཀོད་སྒྲིག་བཅས་བྱས་པ་རེད།

    ཏིང་ཡེ་ཤན་གྱིས་ཉེ་དུས་ལྗོངས་ཡོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས། ཆབ་སྲིད་ཀྱི་འགན་འཁྲི་ཁུར་ནུས་ལ་ཤུགས་སྣོན་བརྒྱབ་སྟེ། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་བྱ་སྤྱོད་དངོས་དང་། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན། ཆབ་སྲིད་འདུ་འགོད་དང་དམངས་སེམས་འདུ་འགོད་གལ་ཆེན་བཅས་ལ་བརྩིས་ནས། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་པ་དང་། ཐབས་ལམ་དང་བྱེད་སྟངས་གསར་གཏོད་བྱེད་པ་དང་། “སྤྱི་ཡོངས་གཉིས”བློ་ལ་འཆང་བ། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཁྲོམ་རའི་ཆོས་ཉིད་དང་། ལས་ཞུགས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འཚམ་པའི་ཤེས་ལྡན་མི་སྣའི་གསོ་སྐྱོང་ཆོས་ཉིད་ཁོང་དུ་ཡག་པོ་ཆུད་པ། ལྕག་སྐུལ་དང་གཅུན་འདོམས་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། ལྗོངས་ནང་དང་ལྗོངས་ཕྱིའི་ལས་ཞུགས་ཐོན་ཁུངས་སྤྱི་འདོམས་བྱེད་པ། ལས་ཞུགས་བོད་སྐྱོར་གྱི་ནང་དོན་གཏིང་ཟབ་ཏུ་གཏོང་བ། མཐོ་སློབ་སློབ་ཐོན་སློབ་མས་སྲོལ་རྒྱུན་གྱི་ལས་ཞུགས་འདུ་ཤེས་ལ་འགྱུར་ལྡོག་གཏོང་རྒྱུར་མུ་མཐུད་ཁྲིད་སྟོན་བྱེད་པ། ལྗོངས་ཕྱིའི་ལས་ཞུགས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ་བཅས་བྱས་ནས། སྣེ་མང་ཅན་གྱི་ལས་ཞུགས་མངོན་འགྱུར་ཐུབ་པ་བྱེད་དགོས། ས་ཁུལ་དང་གྲོང་ཁྱེར་གྱི་བྱེད་པོའི་འགན་འཁྲི་དང་ལས་རིགས་སྡེ་ཚན་གྱི་འགན་འཁྲི་ནན་དུ་གཏོང་བ་དང་། དོན་དངོས་ཞིབ་རྟོགས། གནད་སྨིན་སྦྲེལ་མཐུད། “གཅིག་གཏད་གཅིག་དང་མང་གཏད་གཅིག”གི་ལས་ཞུགས་རོགས་སྐྱོར་ལམ་སྲོལ་ལག་བསྟར་ཡག་པོ་བྱེད་པ། ལས་རིགས་ཁག་གི་ལས་གནས་མཁོ་སྤྲོད་ཀྱི་དམིགས་ཚད་ལས་འགན་ཞིབ་ཚགས་སུ་གཏོང་བ། ལྟ་སྐུལ་མཛུབ་ཁྲིད་དང་། ཞིབ་དཔྱད། ལས་ཆོད་འདེད་འདྲི་བཅས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ལས་དོན་ཁག་ལ་དངོས་ཕན་ཐོབ་པའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001393549051