བོད་ལྗོངས།
བོད་ཀྱི་ལྗོངས་ཡོངས་ཀྱི་དྲ་སྦྲེལ་བཅའ་ཁྲིམས་ཤེས་བྱའི་འགྲན་བསྡུར་སྐབས་དང་པོའི་མཐའ་བསྡུར་བྱས་པ།

    ཉེ་ཆར་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་ལས་ཁང་གིས་གཙོ་གཉེར་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་དྲ་སྦྲེལ་བཅའ་ཁྲིམས་ཤེས་བྱའི་འགྲན་བསྡུར་སྐབས་དང་པོའི་མཐའ་བསྡུར་ལྷ་སར་བྱས་པ་རེད།

    བོད་ལྗོངས་ཀྱི་དྲ་སྦྲེལ་བཅའ་ཁྲིམས་ཤེས་བྱའི་འགྲན་བསྡུར་སྐབས་དང་པོ་ཟླ་8ཚེས་27ཉིན་ནས་འགོ་བཙུགས་པ་དང་། ལྗོངས་ཡོངས་ཀྱི་ཚོགས་པ་20ཡི་མི་སྟོང་ཕྲག་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད། ཉིན་བཞིའི་རིང་དྲ་ཐོག་ཏུ་འགྲན་བསྡུར་འཁྲུག་པོ་བྱས་པ་བརྒྱུད། མཐར་རུ་ཁག་དྲུག་དང་མི་སྒེར་དྲུག་དྲ་ཕྱིའི་མཐའ་བསྡུར་ནང་ཞུགས་པ་རེད། མཐའ་མའི་འགྲན་བསྡུར་བྱ་ཡུལ་དུ་འགྲན་བསྡུར་ནང་ཞུགས་མཁན་ཚོས་རྒྱག་དགོས་ངེས་ཀྱི་ལན་དང་། ཧབ་ཐོབ་ལན། དྲ་སྦྲེལ་གྱི་བཅའ་ཁྲིམས་ཤེས་བྱ་གསལ་ཞུ་སོགས་ཀྱི་ལྷུ་ཚིགས་ལ་བརྟེན་ནས་བྱ་དགའ་ཨང་དང་པོ་དང་། གཉིས་པ། གསུམ་པ་བཅས་བདམས་ཐོན་བྱུང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2020ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱེད་སྒོའི་གྲུབ་ཆ་ཡིན་པའི་ཆ་ནས། ད་ཐེངས་ཀྱི་དྲ་སྦྲེལ་གྱི་བཅའ་ཁྲིམས་ཤེས་བྱའི་འགྲན་བསྡུར་བྱེད་དོན་ནི། འགྲན་བསྡུར་སྦྱོང་བརྡར་དུ་བརྩིས་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས》དང་། 《དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་དོ་དམ་གཏན་འབེབས》 《དྲ་སྦྲེལ་ཆ་འཕྲིན་ནང་དོན་དོ་དམ་གྱི་སྲིད་འཛིན་ཁྲིམས་འཛིན་གྱི་གོ་རིམ་གཏན་འབེབས》སོགས་ཀྱི་བཅའ་ཁྲིམས་དང་། ཁྲིམས་སྲོལ། ཚད་ལྡན་རང་བཞིན་གྱི་ཡིག་ཆ་བཅས་ལ་དམིགས་ནས་དྲ་རྒྱའི་དྲང་ནུས་བརྒྱུད་སྤྲོད་ཧུར་ཐག་བྱེད་པ་དང་། སྤྱི་ཚོགས་ཡོངས་སུ་ཡ་རབས་ལྡན་པའི་སྒོ་ནས་དྲ་བར་ཞུགས་པའི་དར་སྲོལ་ཆགས་པར་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱ་ཆེད་རེད།

    ལྗོངས་ཏང་ཨུད་རྩ་འཛུགས་པུའུ་དང་། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་སོགས་ཚན་པ་30ལྷག་ཙམ་གྱི་མི་120ལྷག་ཙམ་བྱེད་སྒོར་ཞུགས་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001393719941