བོད་ལྗོངས།
བོད་ལྗོངས་ཀྱིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུཌ་སྲིད་ཇུས“གཤམ་སྐྱོད་ལྔ་དང་དྲིལ་བསྒྲཌ་གཅིག”གི་བྱེད་སྒོ་ཧུར་ཐག་སྤེལ་བ།

    ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུཌ་ལས་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་ནས་ཤེས་རྟོཌ་བྱུང་བར། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུཌ་ལས་གཏོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་བྱས་ནས་ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་དྲིལ་བསྒྲཌ་བྱེད་རྒྱ་སྔར་བས་ཆེ་རུ་གཏོང་ཆེད། འགོ་ཁྲིད་ཚོགས་ཆུང་གིས་ལྗོངས་ཡོངས་སུ་དུས་ཡུན་ཟླ་གཉིས་ཀྱི“གཤམ་སྐྱོད་ལྔ་དང་དྲིལ་བསྒྲཌ་གཅིག”(སློབ་གྲྭ་དང་། ཁེ་ལས། ཞིང་འབྲོག་ཁུལ། ལས་ཁུངས། ཁྱིམ་ཚང་བཅས་སུ་བསྐྱོད་ནས་ལས་ཞུཌ་ལས་གཏོད་ཀྱི་སྲིད་ཇུས་དྲིལ་བསྒྲགས)གི་བྱེད་སྒོ་སྤེལ་རྒྱུའི་གཏན་འབེབས་བྱས་པ་རེད།

    ལྷ་ས་གྲོང་ཁྱེར་གྱིས“2020ལོའི་སྲིད་ཇུས་དྲིལ་བསྒྲགས་སྐད་འཕྲིན་ཚོགས་པ”དང་སྤྱི་རྟགས་བཙུགས་པ་དང་། བརྙན་ཐུང་པར་ལེན་དང་དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་སྲིད་ཇུས་དང་ལས་ཞུགས་ཀྱི་དུས་བབ་དྲིལ་བསྒྲགས་རྒྱ་ཁྱབ་བྱས་པ་རེད། གྲོང་ཁྱེར་ཡོངས་ཀྱིས“སྐད་འཕྲིན་གསུམ་དང་སྤྱོད་སྣེ་གཅིག”དང་། བཞུགས་མོལ་ཚོགས་འདུ། གསོ་སྦྱོང་ཚོགས་འདུ། ཆ་སྒྲིག་དུད་སྐྱོད་སོགས་ཀྱི་བྱེད་ཐབས་སྤྱད་དེ་མི་ཐེངས་ཁྲི་7.5ལ་དྲིལ་བསྒྲགས་དང་ཞབས་འདེཌ་ཐེངས་280ཞུས་པ་དང་དྲིལ་བསྒྲཌ་དཔྱད་ཡིག་ཁྲི་6.5སྤྲད་ནས་སློབ་ཐོན་སློབ་མ་དང་ཁྱིམ་བདག་གི་ལས་ཞུགས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་གཏོང་གང་ཐུབ་བྱས་པ་རེད།

    ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་མི་སྤྱི་ཅུས་ཀྱིས་2020ལོའི་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་གྱི“ཉིན་བརྒྱའི་འགག་སྒྲོལ་བྱ་སྤྱོད”དང་མཐོ་སློབ་སློབ་ཐོན་སློབ་མའི་ཆེད་དོན་གདན་ཞུའི་ཚོགས་འདུ་འཚོགས་ནས་རྫོང་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་དང་ལྷག་པར་དུ“ས་ངན་ཡུག་ཁུལ”གྱི་གནས་སྤོས་མང་ཚོགས་དང་མཐོ་སློབ་སློབ་ཐོན་སློབ་མར་ལས་ཞུགས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་གཏོང་རོགས་བྱས་ནས། སྲིད་ཇུས་ཤེས་རྟོགས་དང་བེད་སྤྱོད་བྱས་ཏེ་ལས་ཞུགས་ལ་ཞུགས་པའི་ཁོ་ཚོའི་ནང་གནས་ཀྱི་སྒུལ་ཤུགས་འཕེལ་བར་བྱས་ཏེ་རྫོང་ཡོངས་སུ་ལས་ཞུགས་དེ་བས་ལེགས་པ་དང་སྤུས་ཚད་དེ་བས་ལེགས་པའི་ལས་ཞུགས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད།

(འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001394612481