བོད་ལྗོངས།
2020ལོའི་སློབ་གསོ་པུའི་མཐོ་སློབ་ཚོགས་པས་བོད་ལྗོངས་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལོ་འཁོར་གྱི་འཆར་ཅན་ཚོགས་འདུ་འཚོགས་པ།

    ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་ཆེད། ཚེས་27ཉིན་གྱི་སྔ་དྲོར། 2020ལོའི་སློབ་གསོ་པུའི་མཐོ་སློབ་ཚོགས་པས་བོད་ལྗོངས་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལོ་འཁོར་གྱི་འཆར་ཅན་ཚོགས་འདུ་ལྷ་སར་འཚོགས་པ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བོད་ལྗོངས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་ཉི་མ་ཚེ་རིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་ཁ་གཏད་བོད་སྐྱོར་མཐོ་སློབ་ཚོགས་པ་ཁག་གིས་རོགས་སྐྱོན་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས། གནད་སྨིན་རོགས་སྐྱོར་ལག་བསྟར་དང་རོགས་སྐྲུན་ཕན་འབྲས་ཆེ་རུ་གཏོང་ཆེད་ལམ་ལུགས་ཀྱི་འགན་ལེན་ནུས་ལྡན་མཁོ་འདོན་བྱེད་དགོས་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་གྱི་དགོས་མཁོ་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་དེ་བཞིན་བོད་ལྗོངས་སློབ་ཆེན་སློབ་གསོ་པུའུ་དང་རང་སྐྱོང་ལྗོངས་ཀྱིས་མཉམ་དུ་སྐྲུན་པ་དང་རིག་ཚན་རྩེ་གྲ་སོགས་ཀྱི་དགོས་མཁོར་དམིགས་ནས། ཚན་ཞིབ་གྲུབ་འབྲས་བརྗེ་སྒྱུར་ནུས་པ་ཆེ་རུ་གཏོང་བ་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་ཆུ་ཚད་མཐོ་རུ་བཏང་ནས་མཉམ་སྐྲུན་མཉམ་སྤྱོད་ཁྲོད་གཉིས་ཁེ་མངོན་འགྱུར་བྱེད་དགོས་པ། བོད་ལྗོངས་སློབ་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་སློབ་གྲྭའི་སྤུས་ཚད་མཐོ་བའི་ཆུ་ཚད་ལ་སྐུལ་འདེད་གཏོང་བ་དང་ནང་རྒྱས་ཀྱི་འཕེལ་རྒྱས་ཁྲོད་ལམ་བུ་གསར་པ་བཏོད་དེ། དུས་རབས་གསར་པའི་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་འགན་འཁྲི་གསར་པ་མངོན་པར་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།

(འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001394751371