བོད་ལྗོངས།
བོད་ཀྱི་སྤྲིན་རྩིས་གྲངས་གཞི་ལྟེ་གནས་ཆེ་ཤོས་ཀྱི་དུས་ཐེངས་དང་པོའི་དུས་མཚམས་གཉིས་པའི་རྣམ་གྲངས་སྐྲུན་འགོ་ཚུགས་པ།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལ་འབྱོར་གསལ། ཚེས་26ཉིན་གསར་འགོད་པར་ལྷ་ས་གྲོང་ཁྱེར་མཐོ་གསར་ཁུལ་ནས་ཤེས་རྟོགས་བྱུང་བར། བོད་ལྗོངས་སྤྲིན་རྩིས་གྲངས་གཞི་ལྟེ་གནས་ཀྱི་དུས་ཐེངས་དང་པོའི་དུས་མཚམས་གཉིས་པའི་རྣམ་གྲངས་སྐྲུན་འགོ་ཚུགས་པ་དང་། མ་དངུལ་སྒོར་དུང་ཕྱུར་12བཏང་ཞིང་སྔོན་དཔག་བྱས་ན་དུས་སང་གཉེར་སྐྱོང་བྱ་རྒྱུ་རེད། དུས་ཐེངས་དང་པོའི་རྣམ་གྲངས་ལེགས་གྲུབ་ཟིན་རྗེས་འཕྲུལ་སྒམ་གྱི་གྲངས་འབོར་ཁྲི་1ཟིན་རྒྱུ་ཡིན་པ་དང་། ལོ་རེར་ཡོང་འབབ་སྒོར་དུང་ཕྱུར་15ཟིན་ནས་རྒྱལ་ནང་དང་དེ་བཞིན་ཨེ་ཤེ་ཡ་ལྷོ་མའི་ས་ཁུལ་གྱི་གཙོ་གནད་ཚོང་ཤག་གི་གྲངས་གཞི་གསོག་འཇོག་བྱེད་པའི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད།

    བོད་ལྗོངས་སྤྲིན་རྩིས་གྲངས་གཞི་ལྟེ་གནས་ནི་མིག་སྔར་གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་ཀྱི་སྤྲིན་རྩིས་གྲངས་གཞི་ལྟེ་གནས་ཡིན་པ་དང་། འཆར་འགོད་བྱས་པའི་སྤྱིའི་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་118ཟིན་ཞིང་དུས་ཐེངས་གསུམ་ལ་དབྱེ་ནས་བསྐྲུན་རྒྱུ་ཡིན་པ་མ་ཟད། འཕྲུལ་སྒམ་ཁྲི་7ཤོང་ཐུབ་པ་དང་བོད་ལྗོངས་ཉིང་རྩིས་ཚན་རྩལ་ཚོགས་པ་ཚད་ཡོད་ཀུང་སིས་གཉེར་སྐྱོང་བྱེད་ཀྱི་ཡོད། དེའི་ལས་སྒོ་ནི་བརྙན་རིས་སྒྲོ་འདོགས་དང་མི་མེད་ཁ་སྒྱུར། རྒྱང་ཁྲིད་སློབ་གསོའི་གྲབས་ཉར་སོགས་ཀྱི་ཁྱབ་ཁོངས་དང་འབྲེལ་བ་ཡོད་པ་དང་། པེ་ཅིན་དང་ཨན་ཧུའེ། ཧྲང་ཧའེ། ཅང་སུའུ། སི་ཁྲོན་སོགས་ཞིང་ཆེན་དང་གྲོང་ཁྱེར། དེ་བཞིན་ནེ་པ་ལ་དང་བྷང་ག་ལ། ཕ་ཁི་སི་ཐན། ཨེ་ཤེ་ཡ་ཤར་ལྷོའི་ས་ཁུལ་ཁ་ཤས་བཅས་སུ་ཁྱབ་ཀྱི་ཡོད།

    བོད་ལྗོངས་ཉིང་རྩིས་ཚན་རྩལ་ཚོགས་པ་ཚད་ཡོད་ཀུང་སིའི་སྤྱི་འདོམས་གཞོན་པ།དབུ་བཞུགས་ཁྲོམ་རའི་དཔོན་ཝང་ཅུན་གྱིས། ལྷ་སའི་ས་ཁོངས་རང་བཞིན་གྱི་རྒྱལ་སྤྱིའི་འཕྲིན་གཏོང་ལས་སྒོ་ཕྱིར་གཏོང་ནང་འདྲེན་ཅུས་ཀྱི་ཆོག་མཆན་བཀོད་སྒྲིག་ཐོབ་པ་དང་བསྟུན་ནས། ཕྱིས་འབྱུང་བོད་འདི་ཉིད་རྒྱལ་ཡོངས་དང་ཐ་ན་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་ཁག་གཅིག་ལ་ཁྱབ་པའི་གྲངས་གཞི་ཆེ་མོའི་ཐོན་ལས་རྟེན་གཞིར་གྱུར་ནས་བཟོ་ལས་ཀྱི་གྲངས་གཞི་ལྷ་སར་གཅིག་སྡུད་ཐུབ་རྒྱུ་ཡིན་པ་མ་ཟད། ཧི་མ་ལ་ཡ་བརྒལ་བའི་ལངས་གཟུགས་ཀྱི་མཉམ་སྦྲེལ་མཉམ་མཐུད་ཀྱི་དྲ་བ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་རེད་ཅེས་ངོ་སྤྲོད་བྱས།

(འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001394753701