བོད་ལྗོངས།
ནང་སའི་བོད་ལྗོངས་འཛིན་གྲྭའི་མི་རིཌ་མཐུན་སྒྲིལ་སློབ་གསོའི་བྱེད་སྒོ་སྐབས་བརྒྱད་པ་འགོ་ཚུགས་པ།

    འདི་ནི་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་སྐལ་བཟང་སྒྲོལ་མས(གཡོན་གྱི་གསུམ་པ)ཝུའུ་ཧན་བོད་ལྗོངས་སློབ་འབྲིང་གི་སློབ་མ་ཚོར“ཕ་ཡུལ་གྱི་འགྱུར་ལྡོག་ཉམས་ལེན་བྱེད། ཏང་གི་གསུང་སྒྲ་ཉན”པའི་བརྗོད་དོན་གཙོ་བོའི་དུས་དེབ་ངོ་སྤྲོད་བྱེད་བཞིན་པ།

    ཉིན་ཤས་གོང་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་གཙོ་གཉེར་བྱས་པ་དང་། བོད་ལྗོངས་གཞོན་ནུའི་ཚགས་པར་ཁང་དང་ནང་སའི་བོད་ལྗོངས་འཛིན་གྲྭ(སློབ་གྲྭ)དོ་དམ་ལྟེ་གནས་ཀྱིས་གཉེར་འགན་འཁུར་བའི་སྐབས་བརྒྱད་པའི“ཕ་ཡུལ་གྱི་འགྱུར་ལྡོག་ཉམས་ལེན་བྱེད། ཏང་གི་གསུང་སྒྲ་ཉན”དང་2020ལོའི“ཏང་གི་བཀའ་དྲིན་དྲན་པ་དང་། སྲོག་ཤིང་ལ་དགའ་ཞེན། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ”བཅས་ཀྱི་ནང་སའི་བོད་ལྗོངས་འཛིན་གྲྭའི་མི་རིགས་མཐུན་སྒྲིལ་སློབ་གསོའི་བྱེད་སྒོ་ཝུའུ་ཧན་བོད་ལྗོངས་སློབ་འབྲིང་དུ་དངོས་སུ་སྤེལ་འགོ་ཚུགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ནང་སའི་བོད་ལྗོངས་འཛིན་གྲྭའི་མི་རིགས་མཐུན་སྒྲིལ་སློབ་གསོའི་བྱེད་སྒོ་2013ལོ་ནས་སྤེལ་འགོ་བཙུགས་ཚུན། ད་བར་སྐབས་7བདེ་བླག་ངང་གཉེར་ནས་རྒྱལ་ཡོངས་ཀྱི་ཞིང་ཆེན(གྲོང་ཁྱེར)20ཡི་ནང་སའི་བོད་ལྗོངས་འཛིན་གྲྭ་20ལྷག་ཙམ་གྱི་སློབ་མ་ཁྲི་ལྷག་ཙམ་ལ་ཁྱབ་ཡོད་པ་རེད། སྐབས་འདིའི་བྱེད་སྒོ་ཝུའུ་ཧན་བོད་ལྗོངས་སློབ་འབྲིང་དང་། ཅང་ཤིས་ནན་ཁྲང་སློབ་འབྲིང་བཅུ་བདུན་པ། ཧྥུའུ་ཅན་ཀྲང་ཀྲོའུ་སློབ་འབྲིང་དང་པོ། ཀྲང་ཀྲོའུ་སློབ་འབྲིང་གསུམ་པ། ཀོང་ཏུང་ཚོང་དོན་ལས་རིགས་ལག་རྩལ་སློབ་གྲྭ ཀྲུའུ་ཧའེ་སློབ་འབྲིང་བཞི་པ་བཅས་སུ་སྤེལ་རྩིས་ཡོད་པ་རེད།

(འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001395575391