བོད་ལྗོངས།
བོད་ལྗོངས་ཀྱིས“ཚོང་ཁང་བརྒྱ་བཙུགས་ནས་སློབ་ཐོན་སློབ་མ་སྟོང་ལ་རོགས་སྐྱོར་བྱེད་པའི”སྲིད་ཇུས་སྒྲོག་འགྲེལ་དང་ལྗོངས་ཐད་གཏོགས་དཔེ་སྟོན་ས་ཚིགས་ཀྱི་སྒོ་བྱང་སྤྲོད་པའི་མཛད་སྒོ་འཚོགས་པ།

    ཚེས་25ཉིན། “ཚོང་ཁང་བརྒྱ་བཙུགས་ནས་སློབ་ཐོན་སློབ་མ་སྟོང་ལ་རོགས་སྐྱོར་བྱེད་པའི”སྒྲོག་འགྲེལ་དང་ལྗོངས་ཐད་གཏོགས་དཔེ་སྟོན་ས་ཚིགས་ཀྱི་སྒོ་བྱང་སྤྲོད་པའི་མཛད་སྒོ་ལྷ་ས་གྲོང་ཁྱེར་དུ་འཚོགས་ཤིང་། གྲོང་ཁྱེར་དང་ས་ཁུལ་ཁག་གི་མི་སྤྱི་ཅུས་དང་ལས་ཞུགས་ཅུས། སྒོ་བྱང་སྤྲོད་པའི་མཉམ་ལས་སྒྲིག་གཞི་དང་ལས་གཏོད་དཔེ་སྟོན་ས་ཚིགས་བཅས་ཀྱི་འཐུས་མི་དང་། ལྷ་ས་གྲོང་ཁྱེར་གྱི་ལས་གཏོད་བྱེད་འདོད་ཡོད་པའི་མཐོ་སློབ་སློབ་ཐོན་སློབ་མ་དང་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་ཐོན་སློབ་མ་སོགས་ཁྱོན་མི་200ལྷག་ཙམ་ཞུགས་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། “ཚོང་ཁང་བརྒྱ་བཙུགས་ནས་སློབ་ཐོན་སློབ་མ་སྟོང་ལ་རོགས་སྐྱོར་བྱེད་པའི”ཆེད་དོན་བྱ་སྤྱོད་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལས་ཞུགས་ལས་གཏོད་ལས་དོན་ལ་ཤུགས་སྣོན་རྒྱག་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། ཆེད་དོན་བྱ་སྤྱོད་དེ་འདི་ལོའི་ཟླ་ལྔ་པའི་ཟླ་མཇུག་ནས་སྤེལ་ཚུན་ལྗོངས་ནང་ཁུལ་གྱི་མཐོ་སློབ་སློབ་ཐོན་སློབ་མ་40ལ་རྒྱབ་སྐྱོར་བྱས་ནས་ཁེ་ལས་ཀྱི་དངོས་ཚན་23བཙུགས་པ་དེ་དག་གིས་མི་200ཙམ་ལས་ཞུགས་ཐུབ་རྒྱུར་སྣེ་ཁྲིད་ཐུབ་ཡོད་པ་རེད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001396233981