བོད་ལྗོངས།
“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ལྗོངས་ཡོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་95%ལྷག་ཙམ་རྒྱུན་འཁྱོངས་བྱས་པ།

    ཉེ་ཆར་གསར་འགོད་པས་ལྗོངས་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རང་ལྗོངས་ཀྱི་མི་སྤྱིའི་དམིགས་ཚད་ཁག་ཕུན་སུམ་ཚོགས་པོའི་སྒོ་ནས་ལེགས་གྲུབ་བྱུང་སྟེ་གཙོ་གནད་ལས་དོན་ཁག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། དེའི་ནང་ལྗོངས་ཡོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་95%ལྷག་ཙམ་རྒྱུན་འཁྱོངས་བྱས་པ་དང་། ཁྲོམ་རར་ལས་ཞུགས་ཐུབ་ཚད་70%ཡན་ཟིན་ཡོད། རིམ་རྩིས་བྱས་ན་ལྗོངས་ཡོངས་ཀྱི་ཞིང་འབྲོག་པ་མི་ཁྲི་283.9ལས་ཞུགས་གཞན་སྒྱུར་བྱས་པ་དང་ཞིང་འབྲོག་པ་མི་ཁྲི་36.6ལ་གསོ་སྦྱོང་བྱས་ཡོད། ལྷག་པར་དུ་2020ལོར་ལྗོངས་ཡོངས་ཀྱི་ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་99.01%ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དང་། ལྗོངས་ཡོངས་ཀྱི་གཙོ་གནད་ཚོགས་སྤྱི་ལས་ཞུགས་ཐུབ་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ནས་ལས་ཞུགས་དམིགས་ཚད“ལྡོག་འཕར”བྱུང་སྟེ་ལས་ཞུགས་ཀྱི་གཞི་རྩ་བརྟན་པོའི་ངང་ཚོད་འཛིན་ནུས་ལྡན་བྱས་ཡོད།

    དེ་དང་ཆབས་ཅིག“ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རིགས་ཁག་གི་སྤྱི་ཚོགས་འགན་བཅོལ(སྨན་བཅོས་དང་བུ་བཙའི་འགན་བཅོལ་ཚུད་མེད་པ)ནང་མི་ཐེངས་ཁྲི་288ཞུགས་པ་དེ་2015ལོའི་ལོ་མཇུག་དང་བསྡུར་ན་མི་ཐེངས་ཁྲི་87འཕར་ཡོད། ལྗོངས་ཡོངས་ཀྱི་ཁེ་ལས་ཀྱི་རྒན་ཡོལ་ཞུས་པའི་མི་སྣའི་ཟླ་རེའི་གཞི་རྩའི་རྒན་གསོའི་དངུལ་2015ལོའི་ལོ་མཇུག་དང་བསྡུར་ན་སྒོར་1523འཕར་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་རྒན་བཅོལ་གྱི་ཐོབ་ཐང་གཏན་འཁེལ་དང་རྨང་གཞིའི་རྒན་གསོའི་དངུལ་ལེགས་སྒྲིག་ལམ་སྲོལ་བརྟན་པོའི་ངང་ལག་ལེན་བསྟར་ནས་རྨང་གཞིའི་རྒན་གསོའི་དངུལ་གྱི་ཚད་གཞི་སྒོར་185བར་མཐོ་རུ་བཏང་ཡོད། བོད་ལྗོངས་ལག་རྩལ་དགེ་རྒན་སློབ་གླིང་གིས་རིམ་རྩིས་བྱས་ན་སློབ་མ་3000ལྷག་ཙམ་ལ་དུས་ཐུང་གསོ་སྦྱོང་བྱས་པ་དང་། སློབ་གྲྭའི་ལམ་ལུགས་སློབ་གསོའི་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་1100ཟིན་ཡོད། རྒྱལ་ཡོངས་ཀྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་དང་པོའི་ཁྲོད་རང་ལྗོངས་སུ་རྒྱལ་ཡོངས་རང་བཞིན་གྱི་རྒྱལ་ཁབ་རིམ་པའི་རིགས་དང་པོའི་ལས་རིགས་རྩལ་ནུས་འགྲན་བསྡུར་གྱི་བྱ་དགའ་མེད་པའི་སྟོང་ཆ་གསབ་ཡོད།

    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ལྗོངས་ཡོངས་སུ་རིམ་རྩིས་བྱས་ན་མི་འབོར་དབུལ་པོ་ཁྲི་35.3ལས་ཞུགས་གཞན་སྒྱུར་བྱས་པ་དང་། མི་འབོར་དབུལ་པོ་ཁྲི་18.5ལ་གསོ་སྦྱོང་བྱས་པ། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་34.7སྲིད་གཞུང་གིས་སྐྱེལ་རོགས་བྱས་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་ལོངས་སྤྱོད་བྱས་ནས་འགན་ལེན་བྱེད་དགོས་རིགས་ཚང་མར་འགན་ལེན་ཐུབ་པ་དང་ལོངས་སྤྱོད་བྱེད་དགོས་རིགས་ཚང་མར་ལོངས་སྤྱོད་ཐུབ་ཡོད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001397207391