བོད་ལྗོངས།
བོད་ཀྱི་རྒྱལ་ཁབ་རིམ་པའི་ཚན་རྩལ་ཁེ་ལས་ཀྱི་སྐྱོང་གསོ་ཁང་ཐོག་མ་ཆབ་མདོར་གཞིས་ཆགས་པ།

    ཉིན་ཤས་གོང་ཚན་རྩལ་པུས་2020ལོའི་ལོ་འཁོར་གྱི་རྒྱལ་ཁབ་རིམ་པའི་ཚན་རྩལ་ཁེ་ལས་ཀྱི་སྐྱོང་གསོ་ཁང་གི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། བོད་ལྗོངས་ཆབ་མདོ་ཁུལ་གསར(མཐོ་གསར་ཁུལ)དུ་གནས་པའི་ཆབ་མདོ་གྲོང་ཁྱེར་ཚན་རྩལ་ཁེ་ལས་ཀྱི་སྐྱོང་གསོ་ཁང་དེ་རྒྱལ་ཁབ་རིམ་པའི་ཚན་རྩལ་ཁེ་ལས་ཀྱི་སྐྱོང་གསོ་ཁང་དུ་བརྩིས་ནས། བོད་ལྗོངས་ཡོངས་སུ་ཆོག་མཆན་ཐོབ་པའི་རྒྱལ་ཁབ་རིམ་པའི་ཚན་རྩལ་ཁེ་ལས་ཀྱི་སྐྱོང་གསོ་ཁང་ཐོག་མ་དེར་གྱུར་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ཚན་རྩལ་ཁེ་ལས་ཀྱི་སྐྱོང་གསོ་ཁང་ཆབ་མདོ་ཁུལ་གསར(མཐོ་གསར་ཁུལ)གྱི་ཚན་རྩལ་གསར་གཏོད་ཀྱི་གཞི་རྟེན་གྲས་ཤིག་ཡིན་པའི་ངོས་ནས། ས་མཐོའི་ཚན་རྩལ་ཁྱབ་ཁོངས་ཀྱི་རྣམ་གྲངས་དང་ཁེ་ལས་ཀྱི་ཆེད་ལས་སྐྱོང་གསོ་ཁང་ཧུར་ཐག་གཏོད་རྒྱུར་གཞོལ་བ་དང་། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བ་དང་མཐོ་གསར་ལག་རྩལ་གྱི་ཁེ་ལས་དང་ཁེ་ལས་མཁས་ཅན་གསོ་སྐྱོང་བྱེད་རྒྱུ་དམིགས་ཡུལ་དུ་བྱེད་པ། ཞིབ་སྤེལ་དང་། ཚོད་ལྟ། གཞུང་དོན་སྒྲུབ་པ། གཉེར་སྐྱོང་བཅས་བྱ་ཡུལ་དང་སྒྲིག་བཀོད་སྒྲིག་ཆས་དང་དེ་བཞིན་བཅའ་ཁྲིམས་དང་། ནོར་དོན། མ་འཇོག་དང་མ་རྩ་མཉམ་འདྲེས། ཁྲོམ་ར་ཁྱབ་གདལ་སོགས་ཀྱི་ཞབས་འདེགས་ཞུ་བ་བཅས་བྱས་ནས། གསར་གཏོད་ཀྱི་གྲུབ་འབྲས་དང་། ལག་རྩལ་རིགས་གཅིག་མཁས་ཅན། ཐོན་ལས་ཀྱི་ཐེབས་རྩ་བཅས་གཞི་གཅིག་ཏུ་འདུས་པའི་མཐུན་སྦྱོར་གསར་གཏོད་ཀྱི་ལས་སྟེགས་ཤིག་གཏོད་རྒྱུ་རེད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001398694041