བོད་ལྗོངས།
ད་ལོའི་ཞོ་སྟོན་གྱི་ངལ་གསོའི་དུས་ཚོད་གཏན་འཁེལ་འདུག

2020ལོའི་ཞོ་སྟོན་གྱི་ངལ་གསོའི་དུས་ཚོད་བཀོད་སྒྲིག་གི་བརྡ་ཐོ།

ལྷ་ས་གྲོང་ཁྱེར་དུ་བཅའ་སྡོད་སྡེ་ཚན་ཁག་ལ།

    《རྒྱལ་ཡོངས་ཀྱི་དུས་ཆེན་དང་དྲན་གསོའི་ཉིན་མོར་ངལ་གསོ་འཇོག་པའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱ་ཐབས》ཀྱི་གཏན་འབེབས་ནང“གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ལ། གྲངས་ཉུང་མི་རིགས་འདུས་སྡོད་ས་ཁུལ་གྱི་ས་གནས་མི་དམངས་སྲིད་གཞུང་ཁག་གིས་མི་རིགས་སོ་སོའི་གོམས་སྲོལ་ལྟར་ངལ་གསོ་འཇོག་པའི་དུས་ཚོད་གཏན་འཁེལ་བྱེད་པའི”དགོངས་དོན་ལྟར། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་མོས་མཐུན་ཐོབ་པ་བརྒྱུད། ད་ལྟ་2020ལོའི་ཞོ་སྟོན་གྱི་ངལ་གསོའི་སྐོར་བརྡ་ཐོ་གཏོང་རྒྱུ་གཤམ་གསལ།

    2020ལོའོ་ཞོ་སྟོན་ལ་ངལ་གསོ་ཉིན་7འཇོག་རྒྱུ་སྟེ། ཟླ་8ཚེས་19ཉིན་ནས་ཟླ་8ཚེས་25ཉིན་བར་ཡིན་པ་དང་། ཟླ་8ཚེས་16ཉིན(གཟའ་ཉི་མ)དང་། ཟླ་8ཚེས་29ཉིན(གཟའ་སྤེན་པ)རྒྱུན་ལྡན་ལྟར་ལས་ཀར་ཡོང་དགོས།

    ཆེད་དུ་བརྡ་ཐོ་འདི་བཏང་བ་ཡིན།

    ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གཞུང་ལས་ཁང་གིས།

    2020ལོའི་ཟླ་8ཚེས་11ཉིན།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001392826771