བོད་ལྗོངས།
༄༅།།རང་རྒྱལ་གྱིས་ཁག་དང་པོའི་རྒྱལ་ཁབ་འདམ་རའི་ཡུལ་སྐོར་དཔེ་སྟོན་རྟེན་གཞི་10ཡོངས་བསྒྲགས་བྱས་པ།

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་དུ་བོད་ལྗོངས་ལྷ་ཀླུ་འདམ་རའི་ཡུལ་སྐོར་ཁུལ་དང་སི་ཁྲོན་ཆུང་ཧའེ་ལུའོ་ཧྲན་མཛེས་ལྗོངས་ཁུལ་སོགས་མཛེས་ལྗོངས་ཁུལ་10ཁག་དང་པོའི་རྒྱལ་ཁབ་འདམ་རའི་ཡུལ་སྐོར་དཔེ་སྟོན་རྟེན་གཞིར་ཆོག་མཆན་སྤྲད་པ་དང་འབྲེལ་རྟགས་བྱང་ཡང་སྤྲད་པ་རེད།

    ཉིང་ཁྲི་གྲོང་ཁྱེར་དུ་འཚོགས་པའི་རྒྱལ་ཡོངས་ཡུལ་སྐོར་བོད་སྐྱོར་ལས་དོན་ཚོགས་འདུའི་ཐོག་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས་ཁག་དང་པོའི་རྒྱལ་ཁབ་ཀྱི་འདམ་རའི་ཡུལ་སྐོར་དཔེ་སྟོན་རྟེན་གཞིའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་རེད།

    《རྒྱལ་ཁབ་ཀྱི་འདམ་རའི་ཡུལ་སྐོར་དཔེ་སྟོན་རྟེན་གཞིའི》ལས་རིགས་ཀྱི་ཚད་གཞི་གཞིར་བཟུང་། ཁག་དང་པོའི་རྒྱལ་ཁབ་ཀྱི་འདམ་རའི་ཡུལ་སྐོར་དཔེ་སྟོན་རྟེན་གཞི་10པོ་དེ་དག་ཞིང་ཆེན་དང་རང་སྐྱོང་ལྗོངས་ཁག་གིས་འོས་སྦྱོར་བྱས་པ་ཞིག་ཡིན་པ་དང་། རྒྱལ་ཡོངས་ཡུལ་སྐོར་ཐོན་ཁུངས་འཆར་འགོད་གསར་སྤེལ་སྤུས་ཚད་དཔྱད་བསྡུར་གཏན་འབེབས་ཨུ་ལྷན་གྱི་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་དཔྱད་བསྡུར་གཏན་འབེབས་བྱས་རྗེས་བདམས་པ་ཞིག་རེད། དེའི་ནང་སི་ཁྲོན་ཞིང་ཆེན་ཆུང་ཧའེ་ལུའོ་ཧྲན་མཛེས་ལྗོངས་ཁུལ་དང་། ཧེ་ལུང་ཅང་ཞིང་ཆེན་ཀྲ་ལུང་སྣོད་བཅུད་ཡུལ་སྐོར་ཁུལ། ཅང་ཤིས་ཞིང་ཆེན་བོ་དབྱང་མཚེའུ་ཤར་འདམ་རའི་མཛེས་ལྗོངས་ཁུལ། ནང་སོག་རང་སྐྱོང་ལྗོངས་ཁྲེ་ལེ་ཁྲོན་རྩྭ་ཐང་ཡུལ་སྐོར་ཁུལ། བོད་རང་སྐྱོང་ལྗོངས་ལྷ་ཀླུ་འདམ་རའི་ཡུལ་སྐོར་ཁུལ། ཅང་སུའུ་ཞིང་ཆེན་ཧྥན་ཨན་མཚེའུ་མཛེས་ལྗོངས་ཁུལ། ལེའོ་ཉིང་ཞིང་ཆེན་ཧྥན་ཅིན་ཧུང་ཧའེ་མཚོ་གྲམ་མཛེས་ལྗོངས་ཁུལ། ཧྲང་ཧའེ་གྲོང་ཁྱེར་གྲམ་ཤར་འདམ་རའི་ཡུལ་སྐོར་ཁུལ། ཧྲན་ཏུང་ཞིང་ཆེན་ཅུས་ཏིང་མཚེའུ་མཛེས་ལྗོངས་ཁུལ། ཀྲེ་ཅང་ཞིང་ཆེན་ཤིས་ཤིས་འདམ་རའི་ཡུལ་སྐོར་ཁུལ་བཅས་ཚུད་ཡོད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001366233811