བོད་ལྗོངས།
ལྷ་སར་ནུས་རྒྱུ་གསར་པའི་བདལ་གཏོང་རླངས་འཁོར་གྱིས་ལྗང་མདོག་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ལྷ་ས་འགྲིམ་འགྲུལ་ཐོན་ལས་ཚོགས་པ་ནས་ཤེས་རྟོགས་བྱུང་གསལ། ཉིན་ཤས་གོང་། ནུས་རྒྱུ་གསར་པའི་བདལ་གཏོང་རླངས་འཁོར་182ལྷ་སའི་ཁྲོམ་རར་དངོས་སུ་སྤྱོད་འགོ་ཚུགས་པ་དེའི་ཐོག་དེ་སྔོན་མ་དངུལ་བཏང་ནས་ཚོད་གཏོང་བྱས་པའི་རླངས་འཁོར་བསྡོམས་ན་ལྷ་ས་གྲོང་ཁྱེར་གྱི་ནུས་རྒྱུ་གསར་པའི་བདལ་གཏོང་རླངས་འཁོར་གྱི་གྲངས་འབོར་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་སུ་སླེབས་ནས་ལྗང་མདོག་འཕེལ་རྒྱས་ལ་རམ་འདེགས་བྱས་ཡོད།

    ད་ཕན་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་ལྗང་མདོག་དང་། ཐཱན་ཉུང་། ནུས་རྒྱུ་བསྲི་ཚགས། ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ཕྱིར་སྐྱོད་བྱེད་སྟངས་དར་སྤེལ་བཏང་སྟེ་ཐོན་ཁུངས་གྲོན་ཆུང་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་ཅན་གྱི་གྲོང་ཁྱེར་སྤྱི་པའི་འགྲིམ་འགྲུལ་རྣམ་པ་ཞིག་གཏོད་བཞིན་ཡོད། ལྷ་ས་གྲོང་ཁྱེར་གྱིས“ཁོར་ཡུག་ལ་བརྟེན་ནས་གྲོང་ཁྱེར་གཏོད་པའི”འཐབ་ཇུས་དོན་འཁྱོལ་བྱས་ནས་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་བྱ་ཆེད། ལྷ་ས་འགྲིམ་འགྲུལ་ཐོན་ལས་ཚོགས་པས་སྣུམ་གློག་འདྲེས་མའི་ནུས་རྒྱུ་གསར་པའི་ལག་རྩལ་བྱེད་སྟངས་བདམས་ཏེ་འདི་ལོའི་ལོ་སྟོད་དུ་སྣུམ་གློག་འདྲེས་མའི་ནུས་རྒྱུ་གསར་པའི་བདལ་གཏོང་རླངས་འཁོར་10ནང་འདྲེན་བྱས་ཏེ་ཚོད་གཏོང་བྱེད་འགོ་བཙུགས།

    ཤེས་རྟོགས་བྱུང་བར་གཞིགས་ན། ནུས་རྒྱུ་གསར་པའི་རླངས་འཁོར་བདལ་གཏོང་རླངས་འཁོར་གྱི་ཚབ་བྱེད་དུ་གྱུར་བས། བདལ་གཏོང་རླངས་འཁོར་ཚང་མ་གཅིག་གྱུར་ངང་མེད་པ་བཟོས་ནས་དམངས་སྤྱོད་ཁྲོམ་རའི་ཐོག་སླར་ཡང་མི་སྤྱོད་རྒྱུ། ནུས་རྒྱུ་གསར་པའི་བདལ་གཏོང་རླངས་འཁོར་གྱིས་བདལ་གཏོང་རླངས་འཁོར་དཀྱུས་མའི་རིན་གོང་ཚད་གཞི་གཞིར་བཟུང་ཞབས་འདེགས་ཞུ་རྒྱུ་རེད།

    2016ལོར་ལྷ་ས་གྲོང་ཁྱེར་གྱི་ལོ་ཧྲིལ་པོའི་མཁའ་རླུང་ལེགས་པའི་གནམ་གཤིས་བསྟན་པའི་ཉིན་གྲངས་313ཟིན་པ་དེས་ལོ་ཧྲིལ་པོའི་ནུས་ལྡན་ལྟ་དཔྱད་ཉིན་གྲངས་ཀྱི་85.5%ཟིན་པ་དང་རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་ཁྱེར་74ཡི་གྲས་ཀྱི་ཨང་རིམ་བཅུ་གཉིས་པར་སླེབས་ཡོད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001368056031