བོད་ལྗོངས།
ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་དྲུག་པས་བོད་ལྗོངས་ལ་ལྟ་བཤེར་བྱས་ཚུལ་སྐོར་ཚུར་ལན་བྱས་པ།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལ་འབྱོར་གསལ། སྤྱི་ཚེས་3ཉིན་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་དྲུག་པས་བོད་རང་སྐྱོང་ལྗོངས་ལ་ལྟ་བཤེར་བྱས་ཚུལ་སྐོར་ཚུར་ལན་བྱས་པ་རེད། ལྟ་བཤེར་ནང་མ་གཞི་ད་ཕན་ལོ་ཤས་རིང་བོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་མོད། འོན་ཀྱང་བོད་ཀྱི་དམིགས་བསལ་གནས་བབ་གལ་ཆེན་དང་། ཀྲུང་དབྱང་གི་བླང་བྱ། མང་ཚོགས་ཀྱི་རེ་སྒུག་བཅས་དང་བསྡུར་ན་ད་དུང་ཧེ་བག་ཡོད་ཅེས་བསྟན།

    གཅིག་ནི་རྒྱལ་ཁབ་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་རྒྱུ་མི་འདང་བ། ལྟ་བཤེར་བྱས་པ་ལས་ཤེས་རྟོགས་བྱུང་བར། ལས་བྱེད་པ་མི་ཉུང་བས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བསྐྲུན་པའི་གལ་ཆེའི་རང་བཞིན་ལ་ད་དུང་ངོས་འཛིན་གཏིང་ཟབ་བྱུང་མེད་པ་དང་། རང་བྱུང་གི་སྣོད་བཅུད་ཡག་པོ་ཁོ་ནར་ཡིད་ཚིམ་ནས་སྡོད་ཅིང་། ཁོ་ཚོས་བོད་ཀྱི་ས་རྒྱ་ཆེ་བ་དང་། སྣོད་བཅུད་ཀྱི་རྨང་གཞི་ཡག་པ། ཁོར་ཡུག་གི་ཤོང་ཚད་ཆེ་བ་བཅས་ཡོད་པས་སྦགས་བཙོག་དང་གཏོར་སྐྱོན་ཅུང་ཟད་ཕོག་པར་ཧ་ལས་རྒྱུ་གང་ཡང་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད། 《བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་དཔྱད་ཞིབ་བྱ་ཐབས》ལག་བསྟར་ཞིབ་ཕྲ་བྱེད་པའི་བརྒྱུད་རིམ་ནང་རེ་བ་དམའ་རུ་བཏང་བ་དང་དཔྱད་ཞིབ་ནན་པོ་མ་བྱས་པའི་གནད་དོན་ལྷག་ཅིང་། 2016ལོའི་དཔྱད་ཞིབ་ཞིབ་སྲོལ་གྱི་ཆ་རྐྱེན་དང་མི་མཐུན་པའི་རྫོང་7དཔྱད་ཞིབ་བྱེད་རིང་ཚད་ལོན་པའི་ཁོངས་སུ་བརྩིས་ཡོད།

    གཉིས་ནི་ས་ཁོངས་ཁག་གཅིག་ཏུ་གསར་སྤེལ་འཛུགས་སྐྲུན་བྱེད་རིང་ཁོར་ཡུག་ལ་དོ་དམ་བྱ་རྒྱུ་མི་འདང་བ། མལ་གྲོ་གུང་དཀར་རྫོང་སོགས་ས་ཁུལ་ཁ་ཤས་ཀྱི་གཏེར་རྫས་ཐོན་ཁུངས་གསར་སྤེལ་དོ་དམ་ཞིབ་ཚགས་མེད་པ་དང་། ལྟ་བཤེར་བྱེད་སྐབས་ཀྱང་དག་ཐེར་དང་བཅོས་སྒྲིག་ཚང་པོ་བྱེད་ཐུབ་མེད། 2013ལོའི་ཚུན་དུ་བོད་ལྗོངས་ཡོངས་སུ་གྲོང་གསེབ་ཀྱི་གཞུང་ལམ་རྣམ་གྲངས་242ལ་ཁོར་ཡུག་སྲུང་སྐྱོང་གི་ཆོག་མཆན་མ་ཐོབ་པར་སྔོན་ལ་འཛུགས་སྐྲུན་བྱས་པའི་ནང་རྣམ་གྲངས་20ལ་ད་ལྟ་བར་དུའང་ཁོར་ཡུག་གདེང་འཇོག་ཆོག་མཆན་ལག་ཁྱེར་རག་མེད། བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་སྒྱུར་ཨུ་ལྷན་གྱིས་2017ལོའི་ཟླ་དང་པོར་སྒྲིག་བཟོ་བྱས་པའི《བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”ཡུལ་སྐོར་འཕེལ་རྒྱས་ཇུས་གཞི》དེ་རང་བྱུང་སྲུང་སྐྱོང་ཁུལ་ཇུས་འགོད་དང་སྦྲེལ་མཐུད་མ་བྱས་པར་གཙོ་གནད་རྣམ་གྲངས་ཁག་གཅིག་རང་བྱུང་སྲུང་སྐྱོང་ཁུལ་གྱི་བར་བརྒལ་ཁུལ་ནང་ཇུས་འགོད་བྱས་ཡོད། གཞན་ཡང་། བོད་ལྗོངས་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་ཁོར་ཡུག་དོ་དམ་གནད་ལ་མི་འཁེལ་ཞིང་། བསྐྲུན་ཟིན་མེད་པའི་བཙོག་ཆུ་གཙང་གསིང་སྒྲིག་བཀོད་མང་ཆེ་བར་ཆུ་སྙིགས་ཐད་ཀར་འབུད་པའི་སྣང་ཚུལ་ལྡན་ཡོད།

    གསུམ་ནི་ཁོར་ཡུག་སྲུང་སྐྱོང་གི་རྨང་གཞིའི་ལས་ཀ་ཁག་གཅིག་ད་དུང་ཅུང་ཞན་པ། འཆར་འགོད་གཞིར་བཟུང་བོད་ལྗོངས་ཡོངས་ཀྱིས“ལོ་ལྔ་ཚན་བཅུ་གཉིས་པའི”རིང་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་གཙང་གསིང་བྱ་ཡུལ་15དང་། བཙོག་ཆུ་བསྡུ་ལེན་མདོང་དྲ་སྤྱི་ལེ་354.9གསར་དུ་བསྐྲུན་ཡོད་ལ་དེ་མཚུངས་ཀྱི་ཀྲུང་དབྱང་གི་མ་དངུལ་ཡང་སྔ་ས་ནས་དམིགས་སར་འབྱོར་ཡོད། འོན་ཀྱང་ལྟ་ཞིབ་བྱེད་པའི་བར་འགྲམ་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་གཙང་གསིང་བྱ་ཡུལ་ལ་ས་ཡོམ་གྱི་ཤུགས་རྐྱེན་ཐེབས་ནས་མུ་མཐུད་འཛུགས་སྐྲུན་བྱས་མེད་པ་ཕུད། འཚོ་བའི་བཙོག་ཆུ་གཙང་གསིང་བྱ་ཡུལ་9དང་། སྤྱི་ལེ་60ཟིན་པའི་བཙོག་ཆུ་བསྡུ་ལེན་མདོང་དྲ་སྔར་བཞིན་བསྐྲུན་མེད། བསྐྲུན་པའི་བཙོག་ཆུ་གཙང་གསིང་བྱ་ཡུལ་10ཡི་ནང་ནས་བྱ་ཡུལ་6བརྟན་པོའི་ངང་རྒྱུན་གཏན་བཞིན་བེད་སྤྱོད་བྱེད་མི་ཐུབ་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་ཁག་གཅིག་གཙང་གསིང་ནུས་ལྡན་ཐུབ་མེད། གཞན་ཡང་། ཉེན་ཆེའི་བེད་མེད་དངོས་རྫས་ལ་ལྟ་སྐུལ་དོ་དམ་བྱེད་པའི་ཐད་གཞི་གྲངས་མི་གསལ་བ་དང་། གར་སོང་ཁ་གསལ་མེད་པ། དོ་དམ་མི་འདང་བ་བཅས་ཀྱི་གནས་ཚུལ་ལྡན་ཡོད་ལ། ཐག་གཅོད་ལྟེ་གནས་ཀྱིས་ཉེན་ཆེའི་བེད་མེད་དངོས་རྫས་མང་པོར་གཉེར་སྐྱོར་དོ་དམ་བྱ་རྒྱུ་ཚད་ལྡན་བྱུང་མེད།

    2017ལོའི་ཟླ་8ཚེས་15ཉིན་ནས་ཟླ་9ཚེས་15ཉིན་བར། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་དྲུག་པས་བོད་རང་སྐྱོང་ལྗོངས་ལ་ཁོར་ཡུག་སྲུང་སྐྱོང་གི་ལྟ་བཤེར་བྱས་པ་དང་། 2017ལོའི་ཟླ་10ཚེས་31ཉིན་བར། ལྟ་བཤེར་ཚོགས་ཆུང་གིས་བསྒྲུབ་རྒྱུར་སྤྲད་པའི་ཐེར་འདོན་གོང་ཞུ་བྱས་པའི་ཁོར་ཡུག་གནད་དོན་1022ཁྲོད་གནད་དོན་1020བསྒྲུབས་ནས་མཇུག་བསྡུས་ཡོད། དེའི་ཁྲོད་དག་ཐེར་ཡོ་བསྲང་བྱ་རྒྱུའི་གནད་དོན་882དང་གྱོད་དོན་ཐོ་འགོད་ཀྱིས་ཆད་གཅོད་གནད་དོན་784ཡོད་པ། དངུལ་ཆད་སྒོར་ཁྲི་2787བཅད་པ། གྱོད་དོན་ཐོ་འགོད་ཐོག་མྱུལ་ཞིབ་བྱེད་པའི་གནད་དོན་2ཡོད་པ། མི་2བཀག་ཉར་བྱས་པ། མི་232དང་ཁ་ཆད་སྐོང་མོལ་བྱས་པ། མི་148ལ་འགན་འཁྲི་རྩད་གཅོད་བཅས་བྱས་ཡོད།

 

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001368739111