བོད་ལྗོངས།
འདི་ལོ་གཞིས་རྩེར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་67བྱུང་བ།

    གསར་འགོད་པར་ཉེ་ཆར་གཞིས་རྩེ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། 2019ལོར་གཞིས་རྩེ་གྲོང་ཁྱེར་གྱི་ཁྱད་ལྡན་ཡུལ་སྐོར་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་ལོ་ཧྲིལ་པོར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་899.37ལ་སྣེ་ལེན་ཞུས་ནས་ཁྱོན་ཡོང་འབབ་སྒོར་དུང་ཕྱུར་67.36ཟིན་པ་དེ་དུས་མཚུངས་ལས་29%དང་22%སོ་སོ་འཕར་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་གཞིས་རྩེ་གྲོང་ཁྱེར་གྱིས་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་པ་དང་། ཇོ་མོ་གླང་མའི་ཁྱད་ལྡན་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་བ། ཡུལ་སྐོར་སྒྲིག་བཀོད་མགྱོགས་མྱུར་འཕེལ་རྒྱས་བཏང་བ། ཁུལ་ཡོངས་ཡུལ་སྐོར་འཕེལ་རྒྱས་མགྱོགས་མྱུར་བཏང་བ། སྣེ་ལེན་དང་ཞབས་ཞུའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་པ་བཅས་རེད། དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་སྤུས་རྟགས་མགྱོགས་མྱུར་བཏོད་དེ“ཇོ་མོ་གླང་མའི་ཕ་ཡུལ·མཁའ་དབྱིངས་ཀྱི་འཁྱག་རོམ”བརྗོད་དོན་གཙོ་བོར་བྱེད་པའི་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་འཚོགས་ནས་གཞིས་རྩེའི་ཡུལ་སྐོར་སྤུས་རྟགས་དྲིལ་བསྒྲགས་དང་འོས་སྦྱོར་རྒྱ་ཁྱབ་བྱས་པ་མ་ཟད། “ཇོ་མ་གླང་མའི་ཡུལ་སྐོར”དང་། “ཡར་ཀླུང་གཙང་པོའི་ཆུ་འགོའི་ཡུལ་སྐོར”“རོང་ས་དམར་པོའི་ཡུལ་སྐོར”བཅས་ཡུལ་སྐོར་གྱི་སྤུས་རྟགས་ལམ་ཐིག་གསུམ་ལ་རྒྱལ་ཁབ་ཕྱི་ནང་དུ་སྐད་གྲགས་ཆེན་པོ་ལྡན་ཡོད། དེ་དང་དུས་མཚུངས་ལྗོངས་ནང་ཁུལ་གྱི་ཡུལ་སྐོར་ལས་དོན་ཁང་གི་ཚོགས་སྒྲིག་རྣམ་པའི་ཡུལ་སྐོར་བ་གཞིས་རྩེར་ཡུལ་སྐོར་དུ་ཡོང་བའི་ཧུར་སེམས་སྔར་བས་འཕེལ་བ་བྱ་ཆེད། གཞིས་རྩེས་ལོ་ལྟར་གཞིས་རྩེའི་ཡུལ་སྐོར་འཕེལ་རྒྱས་ཀྱི་ཆེད་དོན་མ་དངུལ་ཁྲོད་ནས་སྒོར་ཁྲི་100ཆེད་དོན་བྱ་དགའི་ཐེབས་རྩར་བྱས་ཏེ་བྱ་དགའི་སྲིད་ཇུས་དོན་འཁྱོལ་ཡོང་བའི་འགན་ལེན་བྱེད་ཀྱི་ཡོད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001386815701