བོད་ལྗོངས།
བོད་ལྗོངས་ཀྱིས“འགྱིག་ཤོག་སྦགས་བཙོག”གཙང་སེལ་དང་བཅོས་སྒྲིག་ལ་སྐུལ་འདེད་བཏང་བ།

    ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། འདི་ལོ་ཚུན་རང་ལྗོངས་ཀྱིས“གད་སྙིགས་ཀྱི་ར་སྐོར”10ལ་གྲལ་བཤེར་དང་སྦྲགས་གཙང་སེལ་བཅོས་སྒྲིག་བྱས་པ་དང་། འཕྲུལ་ཆས་20ལྷག་ཙམ་བཏང་ནས་འགྱིག་ཤོག་གད་སྙིགས་སྣ་ཚོགས་ཏུན་531གཙང་སེལ་བྱས་ཡོད།

    “འགྱིག་ཤོག་སྦགས་བཙོག”བཅོས་སྒྲིག་གི་འགག་སྒྲོལ་དམག་འཐབ་ནི་རང་ལྗོངས་ཀྱི་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཀྱི་མཚོན་བྱེད་རང་བཞིན་གྱི་དམག་འཐབ་ཆེན་པོ་ལྔའི་གྲས་ཤིག་ཡིན་ལ། རང་ལྗོངས་ཀྱི་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ“5+4”ལས་དོན་བཀོད་སྒྲིག་གི་ནང་དོན་གལ་ཆེན་ཞིག་ཀྱང་རེད།

    2019ལོ་ཚུན་དུ། རང་ལྗོངས་ཀྱི་གྲོང་ཁྱེར(ས་ཁུལ)ཁག་གིས་ཚད་མཐོའི་མཐོང་ཆེན་དང་། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་བླང་བྱ་གཞིར་བཟུང་གཙང་པོ་དང་མཚོའི(ཆུ་མཛོད)རྒྱུད་ཀྱི་གད་སྙིགས་གཙང་སེལ་གྱི་ལས་དོན་རྒྱུན་མཐུད་སྤེལ་བའི་རྨང་གཞིའི་ཐོག“གད་སྙིགས་ཀྱི་ར་སྐོར”དང་གཙང་པོ་དང་མཚོའི་དོ་དམ་ཁྱབ་ཁོངས་ཀྱི“འགྱིག་ཤོག་སྦགས་བཙོག”གཙང་སེལ་བཅོས་སྒྲིག་ལས་དོན་གཅིག་སྡུད་སྤེལ་ཏེ། གཙོ་བོ་གྲོང་ཁྱེར་དང་གྲོང་རྡལ་གྱི་མཐའ་འཁོར་དང་། འགྲིམ་འགྲུལ་མ་ལམ་གྱི་གཡས་གཡོན། ཡུལ་སྐོར་མཛེས་ལྗོངས་ཁུལ། གྲོང་གསེབ་ཀྱི་མཐོང་རུང་ཁྱབ་ཁོངས་ཀྱི་གད་སྙིགས་མེད་པར་བཟོས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་ཡོད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001387060751